སུ་ཞིག་འུ་ཚོར་དྲིན་དུ་ཆེ། 

 

 

 

 སྐོམ།

 དབྱར་ཁའི་ཚ་བས་གདུང་བའི་བྱེ་ཐང་དུ།

 སྐོམ་པས་ཁ་ལྕེ་སྐམ་པའི་འགྲུལ་བཞུད་པར།

 དྭངས་བསིལ་སྐོམ་ཆུ་ཁམ་འགའ་ལྡུད་མཁན་སུ།

 དེ་ཡི་བཀའ་དྲིན་གཙང་བོའི་རྒྱུན་ལས་ལྷག

 

གྲང་། 

དགུན་ཁའི་ཙག་གིས་གདུང་བའི་གངས་ཐང་དུ།

གྲང་བས་རྐང་ལག་འཁུམས་པའི་རྒྱང་བཞུད་པར།

དྲོ་འཇམ་གནས་མལ་ཐེངས་གཅིག་གཡར་མཁན་སུ།

དེ་ཡི་བཀའ་དྲིན་ཉི་མའི་འོད་ལས་ལྷག

 

ནད།

 རྒ་བའི་ཁུར་གྱིས་གདུང་བའི་མལ་ས་རུ།

 ཟུག་རྔུས་འོ་དོད་འབོད་པའི་ནད་པ་ལ།

 གཟེར་འཇོམས་སྨན་ཐུན་འགའ་ཞིག་སྦྱིན་པ་སུ།

 དེ་ཡི་བཀའ་དྲིན་བདེ་སྦྱིན་ལྷ་ལས་ལྷག

ལྟོགས།

 ཁེར་རྐྱང་སྡུག་གིས་མནར་བའི་ཐང་སྟོང་དུ།

 ལྟོགས་པས་ལུས་ཟུངས་ཟད་པའི་སློང་མོ་བར།

 རོ་བཅུད་བཟའ་བཏུང་ཐེངས་གཅིག་སྟེར་བ་སུ།

 དེ་ཡི་བཀའ་དྲིན་གསེར་གྱི་རི་ལས་ལྷག

 

ཉམ་ཐག

 ཇག་པའི་དཔུང་གིས་བདས་པའི་གཞན་ཡུལ་དུ།

 མགོན་མེད་ཉམ་ཐག་གྱུར་བའི་དྭ་ཕྲུག་ཚོར།

 ཕངས་མེད་ནོར་གྱིས་ཡང་ཡང་བསྐྱངས་པ་སུ།

 དེ་ཡི་བཀའ་དྲིན་ཕ་མ་ལས་ཀྱང་ལྷག

 

དཀའ་དུས།

 དཀའ་བའི་དུས་སུ་ཕན་པའི་རོགས་བྱེད་པ།

 དེ་དང་དེ་ནི་གྲོགས་ཀྱི་མཆོག་ཡིན་ལ།

 བྱམས་དང་བརྩེ་བའི་ལྷ་ཡང་དེ་ཉིད་དེ།

 དྲིན་ཤེས་དྲིན་གཟོ་གཏན་བདེའི་སྨོམ་ལམ་འདེབས།། 

 


Om

Dans le désert, frappé de chaleur

Je voyage, la langue désséchée de soif

Qui me versera quelques gorgées d’eau fraiche et pure ?

 Ma reconnaissance serait plus longue que le fleuve


Ma

Sur la plaine enneigée frappée par le blizzard

J’étends mes membres, engourdis de froid

Qui me couvrira d’une chaude couverture, ne serait-ce qu’une fois

Ma reconnaissance serait plus grande que la lumière du soleil

 
Ni
Sur le lit, frappé par la vieillesse

Au malade gémissant de douleur

Qui offrira une dose de médicament pour le soulager

Ma reconnaissance serait plus grande que celle pour la divinité bienfaitrice

Pe

Dans la plaine vide, torturé de solitude

Au mendiant affamé dont la force s’épuise

Qui donnera un peu de nourriture

Ma reconnaissance en serait plus grande qu’une montagne d’or 

Me

Chassé dans un autre pays par une armée de brigands

Aux orphelins, pauvres et sans protection

Qui offrira une aide généreuse

Ma reconnaissance serait plus grande que celles pour les parents 

Hung

Une aide précieuse dans les périodes difficiles

C’est celle d’excellents amis

C’est l’essence même de la divinité aimante

Je prie continuellement et avec reconnaissance pour vos bienfaits

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php