ཀྲུའུ་ཝེ་ཆོན་གྱི་ཧམ་བཤད།

   ཕྱི་ཚེས་ ༥ ཉིནཀྲུང་ གོའི་བོད་ལྗོངས་དྲ་བ་ཞེས་པའི་སྟེང་། རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ཁང་གི་མགོ་གཙོ་གཞོན་པ་ཀྲུའུ་ཝེ་ཆོན་གྱིས་བོད་ རྒྱ་འབྲེལ་མོལ་སྐོར་ལ་ལན་འདེབས་བཅར་འདྲི་ཞིག་སྤེལ་འདུག་ལ།  བཅར་འདྲི་དེ་ཕྱི་ཚེས་ ༡༢ ཉིན་རྒྱ་ནག་གཞུང་འབྲེལ་ཞིན་ཧྭ་དྲ་བ་སོགས་སུའང་བརྒྱུད་འགོད་བྱས་འདུག  བཅར་ འདྲི་དེའི་ནང་བཙན་བྱོལ་བོད་གཞུང་གི་སྐུ་ཚབ་ཀྱིས་རྒྱ་གཞུང་ལ་སྤྲད་པའི་༼བོད་ རིགས་ཡོངས་ལ་མིང་དོན་མཚུངས་པའི་རང་སྐྱོང་ཡོང་ཐབས་ཀྱི་བསམ་འཆར ༽ ཡིག་ཆ་དེ་རྒྱ་གཞུང་གིས་སྐབས་ཐོག་དེར་ཕྱིར་སློག་ཟིན་ནའང་།  བཙན་བྱོལ་གཞུང་གིས་རྒྱ་ནག་དབུས་གཞུང་གི་བརྡ་ལན་ལ་སྒུག་ཡོད་སྐོར་མ་ཡིན་ཡིན་མདོག་བསྟན་དེ། ད་ལྟའི་བར་རང་གཞན་གཉིས་ཀར་མགོ་སྐོར་གཏོང་བཞིན་ཡོད་ཚུལ་དང་། རྒྱ་གཞུང་གི་ཕྱོགས་ནས་བོད་ཀྱི་གནད་དོནདང་། བོད་ཆེན་པོའི་ས་ཁུལ་རང་སྐྱོངཟེར་བ་ཞིག་རྩ་བ་ནས་གྲོས་མོལ་བྱ་མི་སྲིད་པའི་སྐོར་བསྐྱར་ཟློས་བྱས་འདུག      

ལན་འདེབས་བཅར་འདྲི་དེའི་ནང་ཀྲུའུ་ཝེ་ཆོན་གྱིས་བརྗོད་དོན།  འབྲེལ་མོལ་གྱི་ཐད་རྒྱ་གཞུང་ལ་རྩ་གནད་གཉིས་ཡོད་དེ། གཅིག  ཕར་ཕྱོགས་ཀྱི་ཐོབ་ཐང་ནི་ཏཱ་ལའི་བླ་མ་སྐུ་སྒེར་གྱི་འཐུས་ཚབ་ཁོ་ན་ལས།  གཞན་༼བཙན་བྱོལ་གཞུང་༽ དེར་སུ་ཞིག་གིས་བཀའ་བློན་གྱི་འགན་འཁུར་ཡང་རུང་། དེ་དག་ཚང་མ་ནི་རྒྱ་གཞུང་མེས་རྒྱལ་ལ་ངོ་ལོག་པའི་ཁ་བྲལ་རིང་ལུགས་ཀྱི་ཆབ་སྲིད་ཤོག་ཁག་ཅིག་ལས་མ་འདས་པས།  ཁྲིམས་མཐུན་གྱི་ངོ་བོ་མེད་པར་མ་ཟད།  རྒྱ་གཞུང་དང་གྲོས་མོལ་གྱི་ཐོབ་ཐང་གང་ཡང་མེད།  གལ་སྲིད་བཙན་བྱོལ་གཞུང་གིས་སྒྲུབ་ཐུབ་པའི་ལས་དོན་ཞིག་ཡོད་པ་དེ་ནི། རང་འགུལ་གྱི་ཐོག་ནས་རྩ་འཐོར་ཏུ་འགྲོ་རྒྱུ་ཙམ་རེད། ཏཱ་ལའི་བླ་མའི་སྐུ་ཚབ་ཚོས་ཕན་ཚུན་གདོང་ཐུག་སྐབས་ག་དུས་ཡིན་ཡང་ཁོ་ཚོ་བཙན་བྱོལ་གཞུང་གི་འཐུས་ཚབ་ཡིན་ཞེས་བརྗོད་ཐུབ་ཀྱིན་མི་འདུག་ལ།  རྒྱུན་པར་ཕྱིར་ལོག་རྗེས་བཙན་བྱོལ་གཞུང་གི་འཐུས་འཚབ་ཡིན་མདོག་གིས་རྒྱལ་སྤྱིའི་སྒང་ལ་རྫུན་གཏམ་ཤོད་ཀྱིན་འདུག  དེ་ནི་འབྲེལ་མོལ་ལ་བསམ་ངན་ཞེ་བཅངས་ཀྱིས་གཏོར་བཤིག་བཏང་བ་ཞིག་རེད།  གཉིས། འབྲེལ་མོལ་གྱི་ནང་དོན་ནི་ཏཱ་ལའི་བླ་མའི་གནད་དོན་ཁོ་ན་དང་། ཆེས་མང་ནའང་ཁོའི་ཉེ་འཁོར་གྱི་མི་ཉུང་ཤོས་ཤིག་གི་མདུན་ལམ་གནད་དོན་ཡིན།  ཡང་གཅིག་བཤད་ན། ཏཱ་ལའི་བླ་མས་ཅི་ལྟར་ཁ་བྲལ་རིང་ལུགས་པའི་ལངས་ཕྱོགས་དང་བསམ་འདུན་རྨང་ནས་དོར་ཏེ། རྒྱ་གཞུང་དང་རྒྱ་ནག་མི་མང་གི་བསམ་ཤེས་ཐོབ་ཐུབ་ལ་བརྩོན་རྒྱུ་དང་། ཁོ་རང་སྐུ་སྒེར་གྱི་གནད་དོན་ཅི་ལྟར་ཐག་གཅོད་མིན་ཡིན། ཅེས་བརྗོད་འདུག 

གཞན་ཡང་། ལན་འདེབས་བཅར་འདྲི་དེའི་ནང་༸གོང་ས་མཆོག་གིས་བོད་མིའི་ཆབ་སྲིད་ཀྱི་འགན་དབང་ཡོང་རྫོགས་མི་མང་གིས་བདམས་ པའི་དབུ་ཁྲིད་དག་ལ་རྩིས་སྤྲོད་བྱས་པའི་རྗེས། རྒྱ་གཞུང་གི་ཕྱོགས་ནས་བོད་རྒྱ་འབྲེལ་མོལ་ཐད་འགྱུར་བ་ཡོད་མེད་སྐོར་ལ། ཀྲུའུ་ཝེ་ཆོན་གྱིས་གོང་བཀོད་རྩ་གནད་གཉིས་ལ་འགྱུར་བ་མེད་ཚུལ་དང་། ཕྱི་རྒྱལ་བ་ཉུང་ཤེས་ཤིག་གིས་མ་སྐུལ་དང་བླང་གི་སྒོ་ནས་འབྲེལ་མོལ་ཁྲོད་མཉམ་ ཞུགས་བྱས་ཏེ་བར་གནས་པ་ཞིག་བྱ་འདུན་འཆིང་གི་འདུག  བོད་ཀྱི་གནད་དོན་ཡོད་ཚད་རྒྱ་གཞུང་གི་ནང་སྲིད་གནད་དོན་ཡིན་པས། ཕྱི་རྒྱལ་བའི་ཐེ་ཇུས་དང་ལག་པ་བསྐྱང་ས་མེད་པ་དང་།  ད་དུང་། ཁོས་པོ་ཏ་ལ་དང་བོད་ཀྱི་དགོན་སྡེ་ཁག་གི་གསེར་དོག་དང་བཟོ་བཀོད་ཀྱི་རྣམ་པ་ཚང་མ་རྒྱ་ནག་ནང་གི་བཟོ་བཀོད་དང་གཅིག་འདྲ་ཡིན་ལ། བོད་ཀྱི་རི་མོ་དང་བརྐོས་རིས། གླུ་གར། སྨན་རྩིས། ཆོས་ལུགས་སོགས་ལའང་རྒྱའི་རིག་གནས་ཀྱིས་ཤུགས་རྐྱེན་ཆེན་པོ་ཡོད་སྐོར་ཡང་བརྗོད་འདུ

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php