རྒྱལ་སྤྱིའི་པེན་གྱི་ཚོགས་ཆེན་དོན་བདུན་པར་བོད་དོན་ཐད་གྲོས་ཆོད་གཉིས་བཞག་པ།

 

རྒྱལ་སྤྱིའི་ཕེན་གྱི་ཚོགས་ཆེན་ཐེངས་༧༧པ་ཟླ་དགུ་བའི་ཚེས་༡༢་ཉིན་ནས་ཚེས་༡༨་བར་ལ་Sarbia རྒྱལ་ས་Belgrade་ལ་གཟི་བརྗིད་ངང་འཚོགས། “རྩོམ་རིག་ཌྷཛམ་གྱིང་གི་སྐད་ཆ།”ཞེས་པ་ནི་ཚོགས་ཆེན་གྱི་ཁ་བྱང་རེད། རྒྱལ་སྤྱིའི་པེན་གྱི་ཚོགས་གཙོ་དང་དྲུང་ཆེ། ཚོགས་གཞོན་རྣམ་པ་བཞི་དབུ་བཞུགས་ཐོག རྒྱལ་ཁབ་བརྒྱད་ཅུ་གྱ་བརྒྱད་ཀྱི་ཚོགས་སྡེ་བརྒྱ་ལྷག་ནས་ཕེབས་པའི་སྐུ་ཚབ་འདུ་འཛོམས་བྱུང་ཞིང་ཐེངས་འདིར་རྒྱ་དམར་གཞུང་འབྲེལ་གྱི་པེན་ཚོགས་པའི་ཚོགས་གཞོན་ཡེ་ཞིན་དང་སྐད་སྒྱུར་པ་ཀྲང་ཐོ་གཉིས་ཆེད་ཞུགས་བྱས་ཡོད། འདི་ག་ཕེན་ཕྱི་སྡོད་བོད་མིའི་རྩོམ་པ་པོའི་མཐུན་ཚོགས་ཀྱི་སྐུ་ཚབ་ལ་ཚོགས་གཞོན་ཀུན་ཐར་དོན་གྲུབ་ལགས་ཚོགས་ཞུགས་ཀྱིས་ཐེངས་འདིར་དམིགས་བསལ་དོན་ཕན་ལྡན་པའི་གྲོས་ཆོད་གཉིས་དང་འགྲེམས་སྟོན་དྲིལ་བསྒྲགས་གཅིག་བཅས་ལེགས་འགྲུབ་བྱུང།

ཀ༽བོད་ནང་དུ་མི་རིགས་རང་ཉིད་ཀྱི་སྐད་ཡིག་བཀོལ་སྤྱོད་ཀྱི་རང་དབང་ལ་རྒྱ་གཞུང་གིས་དམིགས་ཡུལ་ཡོད་པའི་སྒོ་ནས་མངོན་ཤུགས་བརྒྱུད་གསུམ་ནས་ཚོད་འཛིན་ནམ་བཀའ་འགོག་གིས་བོད་ཀྱི་སྐད་ཡིག་ཉམས་ཆག་ཆེན་པོ་བཞིན་པའི་དངོས་ཡོད་གནས་ཚུལ་གསལ་བཤདང་སྐད་ཡིག་སྲུང་སྐྱོབ་བྱེད་ཕྱོགས་ཐད་ལ་ཚོགས་ཆེན་ཐོག་མང་མོས་གྲོས་ཆོད་འཇོག་ཐུབ་པ་བྱུང་འདུག འདིའི་ཐད་ལ་རྒྱ་ནག་གཞུང་འབྲེལ་སྐུ་ཚབ་གཉིས་ནས་སྐད་ཆེན་པོས་ངོ་རྒོལ་བྱས་ཀྱང་ཚོགས་སྡེ་གཅིག་གིས་ཀྱང་ངོས་ལེན་རྒྱབ་སྐྱོར་བྱུང་མེད།

ཁ) བོད་ནང་གི་རྩོམ་པ་པོ་མང་པོ་ཞིག་ལ་རྒྱ་གཞུང་གིས་ཆབ་སྲིད་ཀྱི་ཉེས་ཞྭ་གཡོགས་ཏེ་བཙོན་འཇུག་དང་བཀག་ཉར། ལྟ་རྟོག་སོགས་ཀྱིས་སྨྲ་བརྗོད་རང་དབང་བཙན་འཕྲོག་བྱས་དང་བྱེད་ཀྱིན་པའི་གནས་སྟངས་གསལ་བཤད་ཀྱིས་བཙོན་ནང་རྩོམ་པ་པོ་རྣམས་མྱུར་གློད་དགོས་པའི་གྲོས་གཞི་བཏོན་པར་ཡང་མང་མོས་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་སྟེ། རྒྱལ་སྤྱིའི་པེན་ཀྱི་སྐུ་ཚབ་ལས་ཁུངས་བརྒྱུད་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱ་གཞུང་ལ་འབྲེལ་གཏུགས་བྱེད་རྒྱུའི་རྒྱབ་སྐྱོར་བཅས་ཐོབ་ཡོད།

       ག༽ བོད་ནང་དུ་བཙོན་འཇུག་དང་བཀག་ཉར་བྱས་ཡོད་པའི་རྩོམ་པ་པོ་རྣམ་པའི་སྐུ་པར་དང་གནས་སྟངས། བོད་ཀྱི་ཆོས་དང་རིག་གཞུང། ཡུལ་སྲོལ་གོམས་གཤིས་བཅས་པར་རྡོག་བརྫིས་དང། དགོན་སྡེ་ཁག་ལ་བཀག་སྡོམ་དང་གཏོར་བཤིག་བཏང་བའི་དཔར་རིས་རིགས་འགྲེམས་སྟོན་བྱས་ཏེ་རྒྱ་གཞུང་གིས་བོད་ཐོག་བཟུང་བའི་སྲིད་ཇུས་དང་ངོ་གདོང་རྫུན་མར་ཐེར་འདོན་བྱས་ཡོད་པ་བཅས་སོ།

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php