༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༠ ཉིན་ྋགོང་ས་མཆོག་གིས་ཨ་རིའི་དེ་སྔའི་བོད་དོན་དམིགས་བསལ་འབྲེལ་མཐུད་ལྕམ་སྐུ་ཕའོ་ལཱ་ཌོབ་རེན་སི་ཀི་ (Paula Dobriansky) དང་མཇལ་འཕྲད་གནང་བ་དང་། དེ་རྗེས་ྋགོང་ས་མཆོག་གིས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤུ་ (George W. Bush) མཆོག་དང་ཁོང་གི་སྐུ་ཟླ་ལོ་ར་བྷུ་ཤུ་ (Laura Bush) རྣམ་གཉིས་ཀྱི་གཟིམ་ཤག་ཏུ་ཆིབས་བསྒྱུར་གྱིས་ཁོང་རྣམ་གཉིས་དང་མཇལ་འཕྲད་དུས་ཡུན་ཆུ་ཚོད་གཅིག་ཙམ་རིང་གསུང་མོལ་གནང་ཡོད་པ་རེད། དེ་རྗེས་ཌལ་ལ་སིའི་ལྷོ་ཕྱོགས་གཙུག་ལག་སློབ་གྲྭའི་སྤང་ལྗོངས་སུ་ཆགས་པའི་ཇོར་ཇི་ཌབ་ལུ་བྷུ་ཤུ་བསྟི་གནས་ཁང་དུ་ཆིབས་སྒྱུར་བསྐྱངས། སྐུ་ཞབས་ཇིམ་གྷ་ལ་སི་མན་ (Jim Glassman) ལགས་ནས་སྤྱི་ཡོངས་ཀྱི་མང་གཙོའི་ལྟ་གྲུབ་སྐོར་དང་ལྷག་པར་བོད་མིའི་མང་གཙོའི་བརྒྱུད་རིམ་གྱི་ཉམས་མྱོང་སྐོར་བཀའ་འདྲི་ཞུས་པར་ྋགོང་ས་མཆོག་ནས་བཀའ་ལན་སྩལ་བ་བརྙན་འཕྲིན་བརྒྱུད་མང་ཚོགས་ལ་བསྟན་ཡོད་པ་རེད།

 

དེ་རྗེས་གསོལ་སྟོན་ཐོག་ྋགོང་ས་མཆོག་དང་སྲིད་འཛིན་ཟུར་པ་སྐུ་ཞབས་ ཇོར་ཇི་ཌབ་ལུ་བྷུ་ཤུ་མཆོག་རྣམ་གཉིས་སླར་ཡང་མཇལ་འཕྲད་བྱུང་བར་ྋགོང་ས་མཆོག་ནས་སྲིད་ཟུར་མཆོག་ལ་ངའི་བརྩེ་བའི་གྲོགས་པོ་ཞེས་གསུང་ནས་ངས་ཁྱེད་ཉིད་མཇལ་འཕྲད་ཡོང་རྒྱུར་དུས་ཡུན་རིང་པོ་ནས་རེ་སྒུག་གནང་བ་ཡིན་ཞེས་གསུང་ཡོད་པ་རེད། གསོལ་སྟོན་དེའི་ཐོག་སྐུ་ཞབས་ ཇིམ་གྷ་ལ་སི་མན་ ལགས་ཀྱིས་ད་རེས་ྋགོང་ས་ཏཱ་ལའི་བླ་མ་མཆོག་གིས་སྲིད་འཛིན་ཟུར་པ་མཆོག་ལ་མ་འོངས་བོད་ཀྱི་རྩ་ཁྲིམས་ཟིན་བྲིས་ཀྱི་འདྲ་བཤུས་ཤིག་ཕྱག་རྟགས་སུ་འབུལ་གནང་མཛད་སྐོར་གསལ་བསྒྲགས་གནང་པ་དང། ཕྱག་རྟགས་དེ་ཇོར་ཇི་ཌབ་ལུ་བྷུ་ཤུའི་བསྟི་གནས་ཁང་གི་ཡིག་ཆ་གསོག་འཇོག་ཁང་དུ་བདག་ཉར་བྱ་རྒྱུ་ཡིན་ཞེས་གསུངས། ཇོར་ཇི་ཌབ་ལུ་བྷུ་ཤུའི་བསྟི་གནས་ཁང་གིས་དུས་རབས་ཉི་ཤུ་པ་དང་དུས་རབས་ཉེར་གཅིག་པའི་ནང་རང་དབང་ཆེད་འཐབ་རྩོད་བྱས་པའི་ (The Freedom Collection) དངོས་ཡོད་ལོ་རྒྱུས་ཀྱི་ཡིག་ཆ་དང་དངོས་རྫས་གསོག་འཇོག་གི་དཔེ་མཛོད་ཁང་འདིའི་ནང་ྋགོང་ས་མཆོག་གིས་སྩལ་བའི་མ་འོངས་བོད་ཀྱི་མང་གཙོའི་རྩ་ཁྲིམས་ཟིན་བྲིས་ཀྱི་ངོ་བཤུས་འདི་དཔེ་མཛོད་ཁང་གི་དངོས་རྫས་ཡིག་ཆའི་ཐོག་མ་དེ་ཆགས་ཡོད་པ་དང། དེ་དང་ཕྱོགས་མཚུངས་༸གོང་ས་མཆོག་གིས་དཔེ་མཛོད་ཁང་དེར་་གང་ཉིད་ཀྱི་མཚན་རྟགས་འཁོད་པའི་སྟོན་པ་ཐུབ་པའི་དབང་པོའི་སྣང་བརྙན་གསེར་ཐང་ཞིག་ཀྱང་ཕྱག་རྟགས་སུ་གནང་ཡོད་པ་རེད། གསོལ་སྟོན་ཐོག་ྋགོང་ས་མཆོག་གང་ཉིད་ཀྱིས་ཐུགས་འགན་གསུམ་བཞེས་བཞིན་ཡོད་པའི་ངོ་སྤྲོད་དང། ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤུ་མཆོག་གིས་བོད་དོན་ཐོག་རྒྱབ་སྐྱོར་གནང་བ་ནི་བདེན་པར་རྒྱབ་སྐྱོར་གནང་བ་ཞིག་ཡིན་པར་ངོས་འཛིན་མཛད་བཞིན་ཡོད་པ་སོགས་དང། དེ་བཞིན་ྋགོང་ས་མཆོག་གིས་བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་ལ་རྒྱབ་སྐྱོར་གནང་བ་ནི་ཆབ་སྲིད་ཀྱི་གནད་དོན་གང་ཡང་མིན་ལུགས་བཀའ་སྩལ་ཡོད་པ་རེད། དེ་རྗེས་དེ་སྔའི་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་ལྕམ་སྐུ་ནས་གསུང་དོན། གསོལ་སྟོན་འདིའི་ཐོག་ཕེབས་མཁན་གྱི་ནང་ཁོར་ཡུག་ཉམས་ཞིབ་ཀྱི་མི་སྣ་ཡོད་ཚེ་ཁྱེད་ཚོས་རྒྱ་ནག་གི་གཞུང་འབྲེལ་མི་སྣར་འབྲེལ་བ་བཙུགས་ཏེ་བོད་ཀྱི་ཁོར་ཡུག་གནས་སྟངས་ལ་བརྟག་དཔྱད་དང་སྲུང་སྐྱོབ་ཇི་ལྟར་བྱེད་འགབ་ཀྱི་ཐབས་ལམ་འཚོལ་ཐུབ་ན་དགེ་མཚན་ཆེན་པོ་ཡོད་པའི་དགོངས་འཆར་འདོན་གནང་མཛད་ཡོད་པ་རེད།། །

 

  • ཨ་རིའི་ཨར་ཀན་སིའི་གཙུག་ལག་སློབ་གྲྭས་མཁས་དབང་གི་ཕྱག་འཁྱེར་འབུལ་ལམ་ཞུས་པ།

༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༥ ཚེས་ ༡༡ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་མངའ་སྡེ་ཨར་ཀན་སིའི་གཙུག་ལག་སློབ་གྲྭའི་ཆེ་བསྟོད་ཀྱི་མཁས་དབང་གི་ཕྱག་ཁྱེར་ཌོཀ་ཊོར་ཨོབ་ཧུ་མན་ལེ་ཊར་ (Doctor of Humane letters) ཞེས་པ་དེ་འབུལ་ལམ་ཞུས་ཡོད་པ་རེད། ྋགོང་ས་མཆོག་ཨ་རིའི་མངའ་སྡེ་ཨར་ཀན་སར་ཆིབས་བསྒྱུར་གྱིས་ཐོག་མར་ཕ་ཡེ་ཏི་ཝིལ་ལེའི་ (Fayetteville) གྲོང་ཁྱེར་དུ་ཡོད་པའི་ཨར་ཀན་སིའི་གཙུག་ལག་སློབ་གྲྭའི་མུ་ལིན་སི་དཔེ་མཛོད་ཁང་ (Mullins Library of the University of Arkansas) ྋཞབས་སོར་བཀོད་དེ་བོད་ཀྱི་རིག་གཞུང་དང་འབྲེལ་བའི་བདག་ཅག་གི་སྟོན་པའི་ཞལ་ཐང་དང་། འབྲས་སྤུངས་བློ་གསལ་གླིང་གི་དགེ་འདུན་པས་བཞེངས་པའི་སྤྱན་རས་གཟིགས་ཀྱི་རྡུལ་ཚོན་དཀྱིལ་འཁོར་སོགས་ལ་སྤྱན་ཞིབ་མཛད་རྗེས། གཙུག་ལག་སློབ་གྲྭའི་སྦ་ཌ་ཝལ་ཊོན་ཨེ་རི་ནར་ (Bud Walton Arena) ཆིབས་སྒྱུར་གནང་སྐབས་གཙུག་ལག་སློབ་གྲྭའི་གཙོ་འཛིན་ཆེན་མོ་སྐུ་ཞབས་ཌེབ་ཇིར་ཧ་ཌ་ (Dave Gearhart) མཆོག་གིས་ཕེབས་བསུ་གཟབ་རྒྱས་ཞུས། དེ་རྗེས་ྋགོང་ས་མཆོག་གིས་ཚོགས་ཁང་དུ་མི་གྲངས་ཆིག་ཁྲི་བརྒལ་བ་བཞུགས་པའི་འཚེ་མེད་ཞི་བའི་ཐབས་ལམ་སྣ་ཚོགས་ཞེས་པའི་བགྲོ་གླེང་ཚོགས་འདུའི་ཚོགས་མགོན་དུ་ྋཞབས་སོར་བཀོད་དེ་བཀའ་སློབ་ཟབ་མོ་སྩལ་ཡོད་པ་རེད། སྐབས་དེར་ྋགོང་ས་མཆོག་དང་ལྷན་དུ་བགྲོ་གླེང་ཚོགས་འདུར་ཡེ་ཤུའི་བཙུན་མ་སྙན་གྲགས་ཅན་ཧེ་ལན་པི་རི་ཇན་ (Sister Helen Prejean) དང་སྐུ་ཞབས་ཝིན་སིན་ཧར་ཌིང་ (Vincent Harding) རྣམ་གཉིས་ཡོད་པ་རེད། སྐབས་དེར་ྋགོང་ས་མཆོག་ནས་ང་ཚོ་འགྲོ་བ་མི་ ནི་སྤྱི་ཚོགས་ལ་བརྟེན་པའི་སེམས་ཅན་ཞིག་ཡིན་པས་གང་ཟག་སྒེར་གྱི་བདེ་དོན་ཚོགས་པ་སྤྱི་ལ་བརྟེན་ནས་ཡོད་པ་ལས། རུས་སྦལ་གྱི་སྒོ་ང་ཇི་བཞིན་སྐྱེས་མ་ཐག་ནས་ཨ་མའི་བྱམས་སྐྱོང་ལ་བརྟེན་མི་དགོས་པ་དེ་འདྲ་མིན། ང་རྒྱལ་བྱེད་པ་དེ་ཡང་ང་ཚོའི་རང་བཞིན་ལ་ཡོད་པ་དེ་དག་མིའི་འདོད་རྔམ་ལས་བྱུང་བ་ཞིག་ཡིན། གཞི་རྩའི་ཐོག་འགྲོ་བ་མིའི་རང་བཞིན་ནི་ཞི་འཇམ་ལྡན་པ་ཞིག་ཡིན། ཚན་རིག་པ་ཚོས་ཁོང་ཁྲོ་ཡང་ཡང་བྱེད་པ་དེ་དག་གིས་ལུས་པོའི་འཕྲོད་བསྟེན་ལ་གནོད་ཀྱི་ཡོད་པ་ར་སྤྲོད་བྱས་ཡོད། བྱམས་པ་དང་བརྩེ་བས་ཀུན་ནས་བླངས་པའི་ལས་ལ་འཚེ་བ་མེད་ལ། ཞེ་སྡང་གིས་ཀུན་ནས་བླངས་པའི་ལས་ནི་འཚེ་བ་ཡིན་པ་བཀའ་གནང་ཡོད། ཡེ་ཤུའི་བཙུན་མ་ཧེ་ལན་པི་རི་ཇན་ (Sister Helen Prejean) གྱིས་སྲོག་ཐོག་གི་ཉེས་ཆད་ཕོག་པའི་བཙོན་པ་ཁག་གཅིག་དང་ཐུག་འཕྲད་ཀྱིས་ཁོང་ཚོ་དང་བསམ་ཚུལ་བརྗེ་ལེན་བྱས་པར་བརྟེན་དེ་རྗེས་ཁོང་གིས་སྲོག་ཐོག་གི་ཉེས་ཁྲིམས་མེད་པ་བཟོ་རྒྱུའི་ལས་འགུལ་བརྩམས་ལུགས་སོགས་ཞིབ་ཕྲ་གསལ་བཤད་གནང་བ་དང། དེ་བཞིན་སྐུ་ཞབས་ཝིན་སིན་ཧར་ཌིང་ལགས་ཀྱིས་རང་ཉིད་ཀྱི་ཉམས་མྱོང་ཐོག་ནས་འཚེ་མེད་ཞི་བའི་ཐབས་ལམ་འདྲ་མིན་ཡོད་པར་ངེས་པ་རྙེད་ཚུལ་དཔེ་མཚོན་དང་སྦྲགས་ནས་གསལ་བཤད་གནང་པ་རེད། བགྲོ་གླེང་གི་ཚོགས་འདུ་གྲོལ་ཏེ་ཉིན་གུང་ལྗགས་སྨིན་རྗེས་ྋགོང་ས་མཆོག་གཙུག་ལག་སློབ་གྲྭའི་སྦ་ཌ་ཝལ་ཊོན་ཨེ་རི་ནར་སླར་ཡང་ཆིབས་སྒྱུར་བསྐྱངས་ཏེ་དུས་རབས་གསར་པའི་ནང་འཚེ་མེད་ཞི་བའི་མདུན་ལམ་ཞེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་སྩལ་ཞིང་། དེ་ཡང་ྋགོང་ས་མཆོག་གིས་མང་ཚོགས་མི་གྲངས་ཆིག་ཁྲི་ཉིས་སྟོང་བརྒལ་བར་བཀའ་སློབ་མ་གནང་གོང་གཙུག་ལག་སློབ་གྲྭའི་གཙོ་འཛིན་ཆེན་མོ་སྐུ་ཞབས་ཌེབ་ཇིར་ཧ་ཌ་མཆོག་གིས་མང་ཚོགས་ལ་ྋགོང་ས་མཆོག་གིས་འཚེ་མེད་ཞི་བའི་ལྟ་གྲུབ་ལ་གཞི་བཅོལ་ཏེ་འགྲོ་བ་མིའི་ནང་གི་བཟང་སྤྱོད་དང་། ཆོས་ལུགས་མཐུན་སྒྲིལ། བོད་ཀྱི་བདེན་པའི་འཐབ་རྩོད་བཅས་ཀྱི་རླབས་ཆེན་མཛད་ཁུར་གསུམ་བཞེས་བཞིན་ཡོད་སྐོར་ངོ་སྤྲོད་དང་འབྲེལ་གཙུག་ལག་སློབ་གྲྭའི་ཆེ་བསྟོད་ཀྱི་ཕྱག་ཁྱེར་ ཌོཀ་ཊོར་ཨོབ་ཧུ་མན་ལེ་ཊར་ (Doctor of Humane letters) ཞེས་པ་དེ་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་འབུལ་ལམ་ཞུས་ཡོད་པ་རེད། དེ་རྗེས་ྋགོང་ས་མཆོག་གིས་ད་ལམ་གཙུག་ལག་སློབ་གྲྭས་ཆེ་བསྟོད་ཀྱི་ཕྱག་འཁྱེར་ཕུལ་བར་ཐུགས་རྗེ་ཆེ་ཞུས་གནང་བ་དང། འགྲོ་བ་མིའི་གཞི་རྩའི་བཟང་པོའི་ཡོན་ཏན་བྱམས་པ་དང་བརྩེ་བ་སོགས་ཀྱི་སྐོར་དང། དེ་བཞིན་བོད་དང་རྒྱ་ནག  རྒྱལ་སྤྱི་བཅས་ཀྱི་གནས་ཚུལ་སྐོར་མང་ཚོགས་ཀྱིས་བཀའ་འདྲི་ཞུས་པར་བཀའ་ལན་སྩལ་ཡོད་པ་རེད།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php