༄༅། །དཔལ་དུས་ཀྱི་འཁོར་ལོའི་དབང་ཆེན་ཐེངས་ ༣༢ པ་སྩལ་གཏན་འཁེལ་བ།
༄༅། །ྋརྒྱལ་བསྟན་ཡོངས་རྫོགས་ཀྱི་མངའ་བདག་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་རྒྱ་གར་བྱང་ཤར་ཨ་རུ་ན་ཅལ་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་རྡོ་རྗེ་མཁའ་འགྲོ་མཆོག་དང་ སྐུ་བཅར་ཕན་བདེ་ལེགས་བཤད་གླིང་རྣམ་རྒྱལ་གྲྭ་ཚང། དགེ་ལུགས་སྨོན་ལམ་ཚོགས་པས་གཙོས་རང་རིགས་དད་ལྡན་ཁག གཞན་ཡང་ཕྱི་རྒྱལ་མི་སྣ་བཅས་ནས་ཇི་ལྟར་གསོལ་བ་ནན་གྱིས་བཏབ་པ་བཞིན། འཕགས་ཡུལ་གནས་མཆོག་རྡོ་རྗེ་གདན་དུ་དཔལ་དང་པོའི་སངས་རྒྱས་དུས་ཀྱི་འཁོར་ལོའི་དབང་ཆེན་ཟབ་མོ་བཀའ་དྲིན་བསྐྱང་རྒྱུར། ཕྱི་ཟླ་ ༡༢ ཚེས་ ༣༡ དང་ཕྱི་ལོ་ ༢༠༡༢ ཕྱི་ཟླ་ ༡ ཚེས་ ༡།༢ ཉིན་ས་ཆོག ཕྱི་ཚེས་ ༣།༤།༥ ཉིན་ཕྱེད་སྔོན་འགྲོའི་གསུང་ཆོས་ལ་སློབ་དཔོན་ཀ་མ་ལ་ཤཱི་ལས་མཛད་པའི་སྒོམ་རིམ་བར་པ་དང། རྒྱལ་སྲས་ཐོགས་མེད་བཟང་པོས་མཛད་པའི་ལག་ལེན་སོ་བདུན་མ། དགེ་བཤེས་གླང་ཐང་པ་རྡོ་རྗེ་སེངྒེས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ། དཔལ་མགོན་ཀླུ་སྒྲུབ་ཀྱིས་མཛད་པའི་འཇིག་རྟེན་ལས་འདས་པའི་བསྟོད་པ་བཅས་སྩལ་རྒྱུ། ཕྱི་ཚེས་ ༦ ཉིན་མཆོད་གར། ཕྱི་ཚེས་ ༧ ཉིན་སྟ་གོན། ཕྱི་ཚེས་ ༨།༩ བཀའ་དབང་དངོས་གཞི། ཕྱི་ཚེས་ ༡༠ ཚེ་དབང་དང་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་བཅས་ཐུགས་གཏན་འཁེལ་ཞིང། དད་ལྡན་ཆོས་ཞུར་མོས་བློ་ཡོད་རིགས་རྒྱ་ཁྱབ་ཡུལ་གྲུ་ཡོངས་ནས་དུས་ཚེས་མཁྱེན་རྟོགས་ཡོང་ཆེད་ཡོངས་ཁྱབ་ཆོས་བརྡ་གསལ་བསྒྲགས་སུ། སྐུ་སྒེར་ཡིག་ཚང་ནས། ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༨ ལ།།
རྒྱལ་སྤྱིའི་ཆོས་ལུགས་དབུ་ཁྲིད་བརྒྱ་ཐམ་པའི་ཁྲོད་ཀྱི༸གོང་ས་མཆོག

༄༅། །ཉེ་ལམ་ཝ་ཊ་ཀིན་སི་རི་ཝིའུ་ Watkins Review ཞེས་པའི་དུས་དེབ་ཐོག་གནས་ཚུལ་སྤེལ་གསལ་ལྟར་ན། འཛམ་གླིང་ཆོས་ཕྱོགས་ཀྱི་རླབས་ཆེན་དབུ་ཁྲིད་བརྒྱ་ཡི་མཚན་གཞུང་ཁྱབ་བསྒྲགས་བྱས་པའི་ནང་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་མཚན་ཨང་གཉིས་པར་འཁོད་འདུག དེ་ནི་དབྱིན་ཇིའི་རྒྱལ་ས་ལོན་ཌོན་དུ་ཡོད་པའི་མི་ལོ་བརྒྱ་ཕྲག་བརྒལ་བའི་ལོ་རྒྱུས་ལྡན་པའི་ཝ་ཊ་ཀིན་སི་དཔེ་མཛོད་ཁང་གིས་ཉེ་ཆར་འཛམ་གླིང་ཐོག་གི་ཆོས་ཕྱོགས་ཀྱི་དབུ་ཁྲིད་བརྒྱ་ཐམ་པ་འདེམས་སྒྲུག་གིས་དེ་དག་གི་མཚན་གཞུང་ཝ་ཊ་ཀིན་སི་རི་ཝིའུ་ཞེས་པའི་དུས་དེབ་ཐོག་འགོད་སྤེལ་གྱིས་ཁྱབ་བསྒྲགས་བྱས་པ་དང་། དུས་དེབ་དེའི་རྩོམ་སྒྲིག་པས་མཚན་གཞུང་འདི་འགོད་སྤེལ་བྱས་པ་ལ་བརྟེན་ནས་དེང་དུས་ཆོས་ལུགས་དང་འབྲེལ་བ་ཡོད་པའི གནས་ཚུལ་ཁག་བགྲོ་གླེང་གནང་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་ཅེས་བརྗོད་འདུག 
      དཔེ་མཛོད་ཁང་དེས་འཛམ་གླིང་ཆོས་ཕྱོགས་ཀྱི་རླབས་ཆེན་དབུ་ཁྲིད་བརྒྱ་ཐམ་པའི་མཚན་གཞུང་ནང་འཁོད་པར་ཆ་རྐྱེན་གསུམ་བཏོན་ཡོད་པ་ནི། དང་པོ། ཆོས་ཕྱོགས་ཀྱི་དབུ་ཁྲིད་དེ་ད་ལྟ་འཚོ་གཞེས་ཡོད་དགོས་པ། གཉིས་པ། དབུ་ཁྲིད་དེས་འཛམ་གླིང་ཐོག་ཆོས་ཕྱོགས་ཀྱི་ཐད་ནས་ཁྱད་དུ་འཕགས་པའི་ལེགས་སྐྱེས་ཕུལ་བའམ་ཡང་ན་མཛད་རྗེས་བཞག་ཡོད་པ། གསུམ་པ། དུས་རྒྱུན་མི་སྣ་དེ་དག་གྷུ་གལ་དྲྭ་རྒྱ་བརྒྱུད་འཚོལ་ཞིབ་བྱེད་སྐབས་ནེལ་སེན་དྲ་མཛོད་ནང་ཡོད་དགོས་པ་བཅས་རེད། 
    ད་རེས་ཝ་ཊ་ཀིན་སི་དཔེ་མཛོད་ཁང་གིས་འཛམ་གླིང་ཆོས་ཕྱོགས་ཀྱི་རླབས་ཆེན་དབུ་ཁྲིད་བརྒྱ་ཡི་མཚན་གཞུང་འགོད་སྤེལ་བྱས་པའི་ཁོངས་ཀྱི་ཨང་དང་པོ་ནི་ཇར་མན་ནང་འཁྲུངས་པའི་རྩོམ་པ་པོ་དང་ཆོས་ཕྱོགས་ཀྱི་འགོ་ཁྲིད་ཨེ་ཀཏ་ཊོ་ལེ་ཞུ་བ་དང་། ཨང་གཉིས་པ་བོད་ཀྱི་དབུ་ཁྲིད་སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག  ཨང་གསུམ་པ་རྩོམ་པ་པོ་གྲགས་ཅན་ཝེན་ཌ་ཡར་བཅས་རེད་འདུག། 

 

ཏཱ་ལའི་བླ་མར་ཐུག་འཕྲད།


    སི་ཌན་ངལ་སེལ་ཚོགས་པའི་གོ་སྒྲིག་འོག ཕྱི་ཚེས་ ༡༦ ཉིན་༧གོང་ས་མཆོག་གིས་སི་ཌན་སོ་ཊོཀ་ཁོམ་ཝ་ཊར་ཕ་རན་ཌི་གྲོས་ཚོགས་ཚོགས་ཁང་དུ། ཡུལ་མི་སུམ་སྟོང་ལྷག་ལ༼ཏཱ་ལའི་བླ་མར་ཐུག་འཕྲད་༽ཅེས་པའི་བརྗོད་གཞིའི་ཐོག་བཀའ་སློབ་གནང་སྐབས། "དེ་སྔོན་ངོས་རང་བོད་དུ་ཡོད་དུས་མང་གཙོའི་ལམ་ལུགས་སུ་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན། ༡༩༥༣ལོར་ངོས་ཀྱིས་བོད་དུ་སྒྱུར་བཅོས་ཚོགས་པ་ཞིག་གསར་འཛུགས་བྱས་ཡོད་ཀྱང་། རྒྱ་གཞུང་གིས་གུང་ཁྲན་ཏང་གི་ལམ་སྲོལ་ལྟར་བཅོས་བསྒྱུར་གཏོང་རྒྱུ་ཡིན་ཚུལ་བརྗོད་སྟབས། སྒྱུར་བཅོས་བྱེད་སྟངས་ཏག་ཏག་རྒྱབ་འགལ་དུ་སོང་ཡོད། རྒྱུ་རྐྱེན་དེ་དག་ལ་བརྟེན་ཏེ་ ༡༩༥༩ ལོར་བོད་མི་ཆིག་འབུམ་ལྔ་ཁྲི་ཙམ་རྒྱ་གར་ལ་བྲོས་བྱོལ་དུ་ཡོང་དགོས་བྱུང་ཡོད།" ཅེས་དང་། "ངོས་རང་ལོ་མང་རིང་བོད་ཀྱི་ཆོས་སྲིད་གཉིས་ཀྱི་གོ་ཁྲིད་བྱས་ཡོད་དུས། ཆོས་སྲིད་ཀྱི་འཛིན་སྐྱོང་ཐ་དད་བྱ་དགོས་ཞེས་བརྗོད་ན་ཏོག་ཙམ་ཁྱད་མཚར་ཞིག་འདུག་ཀྱང་། ༢༠༠༡ ལོར་བོད་མི་ཚོས་ཆབ་སྲིད་གོ་ཁྲིད་ཐད་ཀར་འོས་བསྡུའི་ལམ་ནས་བདམས་ཐོན་བྱས་པ་ནས་བཟུང་སྟེ། ངོས་ཀྱི་གནས་སྟངས་ཕྱེད་རྒན་ཡོལ་དུ་གྱུར་ཡོད། ངོས་རང་ཕྱེད་རྒན་ཡོལ་བྱས་ཏེ་ལོ་ངོ་བཅུ་ཙམ་བསྡད་པ་འདང་ངེས་ཤིག་ཆགས་ཡོད། ངོས་རང་ལའང་འགྲོ་བ་མིའི་ཐོབ་ཐང་དགོས་ཀྱི་ཡོད་པ་རེད།" ཅེས་གསུངས་ཡོད།

ཡང། "ད་ཆར་ངོས་ཀྱིས་ཏཱ་ལའི་བླ་མའི་ཆབ་སྲིད་ཀྱི་འགན་དབང་ཆ་ཚང་བ་དེམང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྒྲིག་འཛུགས་ལ་དགའ་སྤྲོ་དང་སྤོབས་པ་ཆེན་པོའི་ཐོག་ནས་རྩིས་སྤྲོད་བྱས་ཡོད། དེའི་སྟབས་ཀྱིས་ལོ་ངོ་བཞི་བརྒྱ་ཙམ་སོང་བའི་ཏཱ་ལའི་བླ་མའི་བོད་མིའི་ཆབ་སྲིད་གོ་ཁྲིད་བྱ་རྒྱུའི་ལམ་སྲོལ་དེ་གཟི་བརྗིད་ངང་མཇུག་བསྒྲིལ་པ་རེད། ཕྱི་ཟླ་ ༣ ཚེས་ ༡༩ ཉིན་ཏེ། ངོས་ཀྱིས་སྲིད་དབང་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་སྒྲིག་འཛུགས་ལ་རྩིས་སྤྲོད་བྱས་པའི་དགོང་མོ་དེར་གཉིད་ཧ་ཅང་སྐྱིད་པོ་ཞིག་ཁུག་བྱུང་།"ཞེས་གསུངས་འདུག

     ཡུལ་དེའི་ཉིན་གསུམ་རིང་གི་མཛད་འཕྲིན་སྐབས་༧གོང་ས་མཆོག་གིས། སྙན་གྲགས་ཅན་གྱི་ནོ་བྷེལ་འགྲེམས་སྟོན་ཁང་ Nobel Museum  ཞིབ་གཟིགས་གནང་མཐར་སྨྱུ་གུ་གཅིག་དང་སྤྱན་ཤེལ། སྤྱོད་འཇུག་གི་ཕྱག་དཔེ་ཞིག་བཅས་བསྩལ་ཡོད་འདུག་ལ། སྐབས་དེར་ས་དེ་གའི་སོག་རིགས་མང་ཚོགས་ལའང་དམིགས་བསལ་བཀའ་སློབ་ཞིག་གནང་ཡོད་པ་རེད། ཕྱི་ཚེས་ ༡༧ ཉིན་གྱི་སྔ་དྲོར་གོང་ས་མཆོག་གིས་ལུན་ཌ་གྲོང་ཁྱེར་གྱི་སློབ་གྲྭ་ཞིག་ཏུ། གྲོང་ཁྱེར་ཁག་ ༥༠ ནས་བཅར་བའི་སློབ་ཕྲུག་ཚོར་བཀའ་སློབ་གནང་ཡོད་འདུག་ལ། དེའི་རྗེས་གྲོང་ཁྱེར་དེའི་ཡེ་ཤུའི་ཚོགས་ཁང་ཆེན་པོ་ཞིག་ཏུ་འཚོགས་བཞིན་པའི་གསོལ་འདེབས་སྨོན་ལམ་ཞིག་གི་ཐོག་ཕེབས་ཏེ། ཚོགས་ཞུགས་པ་༡༠༠༠ ལྷག་ལ་བཀའ་སློབ་གནང་སྟེ།" ངོས་རང་དམིགས་བསལ་སྨོན་ལམ་ཚོགས་ཆེན་སྟེང་བཅར་ཐུབ་པ་འདི་གཟི་བརྗིད་ཅིག་ཏུ་ཚོར་བྱུང་། ཚོགས་ཆེན་འདིའི་རིགས་ཀྱིས་ཆོས་ལུགས་མཐུན་སྒྲིལ་ཡོང་རྒྱུར་ཕན་ཐོགས་ཡོང་གི་ཡོད། ཆོས་དད་བྱ་རྒྱུ་དེ་ལྷ་ཁང་ནང་ཙམ་མིན་པར་ལྷ་ཁང་གི་ཕྱི་ལའང་ཁྱབ་ཐུབ་པ་ཞིག་དགོས། ཆོས་དད་ལྷ་ཁང་ཁོ་ནར་ལུས་པ་ཡིན་ན་དེ་ཙམ་གྱི་ནུས་པ་ཐོན་ཐུབ་ཀྱི་མེད།" ཅེས་གསུངས་ཡོད། སི་ཌན་གྱི་ཆིབས་བསྒྱུར་ལེགས་པར་གྲུབ་རྗེས། ཕྱི་ཚེས་༡༧ ཉིན་ཌན་མག་ཏུ་ཕེབས་ཏེ་མཛད་འཆར་ཁག་མུ་མཐུད་སྐྱོང་བཞིན་ཡོད་དོ།

 

Please enter the code:

Note: Please fill out the fields marked with an asterisk.

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php