༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༦ ཉིན་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་ཨ་རིའི་གྲོས་ཚོགས་འོག་ མའི་ནང་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཝ་ཤིང་ཊོན་དུ་ཕེབས་བསུའི་འཚམས་འདྲི་ ཞུས་པ་དང་སྦྲགས། མགོན་པོ་གང་ཉིད་མཆོག་གིས་འཛམ་གླིང་ཞི་བདེ་དང་འཚེ་མེད་ཞི་བའི་ཐབས་ལམ་ཐོག་ནས་ བོད་རྒྱ་གཉིས་ཀྱི་གནད་དོན་དེ་བཞིན་གཉིས་སྨན་དབུས་མའི་ལམ་གྱི་ཐབས་ལམ་ཐོག་ནས་ སེལ་ཐབས་མཛད་པར་རྒྱབ་སྐྱོར་གྱི་གྲོས་ཆོད་བཞག་ཡོད། གྲོས་ཆོད་ཐོག་མར་གྲོས་ཚོགས་འོག་མའི་ནང་ངོ་སྤྲོད་གནང་མཁན་ནི་གྲོས་ཚོགས་ཀྱི་ འཐུས་མི་ལྕམ་ཨེ་ལི་ཡ་ནོར་ནོར་ཊོན་ (Eleanor Norton) མཆོག་ཡིན་འདུག དེ་ཡང་གྲོས་ཆོད་དེའི་ནང་འཁོད་དོན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་གང་ཟག་སྒེར་བརྒྱུད་ནས་འཛམ་གླིང་ ནང་ཞི་བདེ་གོང་འཕེལ་གཏོང་ཐབས་མཛད་པ་དེར་བསྔགས་བརྗོད་ཞུ་རྒྱུ་དང་། དུས་འཁོར་དབང་ཆེན་གྱི་བསླབ་བྱ་གཙོ་བོ་ཡང་དེ་ཡིན། བོད་ཀྱི་༸སྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གིས་འཚེ་བ་མེད་པའི་ཐབས་ལམ་བརྒྱུད་ བོད་མི་ཚོར་རང་གི་ཆོས་དང་རིག་གཞུང་སྲུང་སྐྱོབ་ཆེད་མིང་དོན་མཚུངས་པའི་རང་ སྐྱོང་གི་གནས་བབ་ཐོབ་ཐབས་མཛད་བཞིན་ཡོད། ཁོང་གིས་རྒྱ་ནག་གཞུང་དང་ལྷན་གྲོས་མོལ་གྱི་ལམ་ནས་གཉིས་སྨན་ཐབས་ལམ་འཚོལ་ཐབས་ མཛད་བཞིན་པ་དེར་ང་ཚོས་རྗེས་སུ་ཡི་རངས་ཞུ་བཞིན་ཡོད། བཙན་བྱོལ་བོད་མི་ཚོར་མང་གཙོའི་བསམ་བློ་ཚད་མཐོན་པོ་ཡོད་པ་དང་བོད་ཀྱི་༸སྐྱབས་ མགོན་ཏཱ་ལའི་བླ་མ་མཆོག་གིས་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་མེད་པའི་རྒྱ་ནག་མི་ དམངས་སྤྱི་མཐུན་རྒྱལ་ཁབ་འོག་བོད་རྒྱ་མི་རིགས་གཉིས་མང་གཙོའི་ལམ་ལ་བསྐྱོད་ རྒྱུར་ཐུགས་བརྩོན་མཛད་བཞིན་པའི་མཛད་རྗེས་ལ་ང་ཚོས་ཆེ་བསྟོད་ཞུ་རྒྱུ་ཡིན་ཞེས་ སོགས་འཁོད་ཡོད།


༄༅། །ཕྱི་ལོ་ ༢༠༡༡ ཟླ་ ༧ ཚེས་ ༧ ཉིན་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ལ་ཨ་རིའི་མི་སེར་རྒྱལ་ཁབ་ཀྱི་སྲིད་དོན་ ཚོགས་པ་གཉིས་ཏེ་སྤྱི་མཐུན་ཚོགས་(Republic)དང་། དམངས་གཙོ་ཚོགས་པ་(Democrat)བཅས་ཐུན་མོང་གི་ཚབ་ཞུས་ཏེ་གྲོས་ཚོགས་ཀྱི་ཚོགས་ གཙོ་སྐུ་ཞབས་ཇོན་བྷོ་ཨེ་ནར་ (John Boehner) མཆོག་གིས་ཨ་རིའི་གྲོས་ཚོགས་སུ་ (Congress) ཇི་ལྟར་གསོལ་འདེབས་ཞུས་དོན་ལྟར་ཆིབས་སྒྱུར་བསྐྱངས་ཏེ་གོང་ ས་མཆོག་གིས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་་པི་ལོ་ སི་(Nancy Pelosi) དང་། ཨེ་ལི་ཡ་ན་རོ་སི་ལེ་ཊི་ནན་(Ileana Ros-Lehtinen)  ཧོ་ཝཌ་ཨེལ་བར་མན་(Howard L. Berman) ཁ་རེ་སི་མི་ཐི་(Christ Smith) ནི་ཏ་ལོ་ཝེ་(Nita Lowey) ཕ་རེན་ཀི་ཝུལ་ཕི།(Frank Wolf) བཅས་གྲོས་ཚོགས་འཐུས་མི་བདུན་དང་མཇལ་འཕྲད་གནང་སྐབས་བོད་དང་རྒྱ་ནག་དབར་གྱི་ གནད་དོན་ཐད་བཀའ་མོལ་གནང་ཡོད།  སྐབས་དེར་གྲོས་ཚོགས་འཐུས་མི་རྣམས་ཀྱིས་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་གི་ འཚེ་བ་མེད་པའི་དགོངས་པར་བསྔགས་བརྗོད་དང་རྒྱབ་སྐྱོར་ཤུགས་ཆེ་གནང་ཡོད། 

དེ་རྗེས་ྋགོང་ས་མཆོག་དང་ཚོགས་གཙོ་སྐུ་ཞབས་ཇོན་བྷོ་ཨེ་ནར། གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ནན་སི་པི་ལོ་སི་བཅས་ལྷན་ཞུགས་ ཀྱི་ཐོག་ནས་གསར་འགོད་པ་ཚོར་མཇལ་འཕྲད་གནང་ཡོད།

 

ཐོག་མར་ཚོགས་གཙོ་སྐུ་ཞབས་ཇོན་བྷོ་ཨེ་ནར་མཆོག་གིས་གསར་འགོད་པ་ཚོར་གསུང་དོན། བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་གདན་ཞུས་ལྟར་ཨ་རིའི་གྲོས་ཚོགས་སུ་ཆིབས་སྒྱུར་བསྐྱངས་པ་དེས་ང་ཚོར་ཆེ་མཐོང་ཆེན་པོ་ཐོབ་བྱུང༌། བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་དང་ཨ་རིའི་མི་མང་དབར་ཡུན་རིང་ནས་མཛའ་བརྩེའི་འབྲེལ་བ་དམ་ཟབ་ཡོད་པར་བརྟེན། གོང་ ས་མཆོག་གྲོས་ཚོགས་སུ་གདན་འདྲེན་ཞུ་རྒྱུ་ཡིན་པ་སྔོན་ཚུད་ནས་ཚོད་དཔག་ཐུབ་པ་ ཞིག་ཡིན་པས་གནད་དོན་དེར་ཧང་སངས་དགོས་དོན་མེད། དེར་བརྟེན་ངོས་ཁོང་གྲོས་ཚོགས་སུ་གདན་འདྲེན་ཞུས་པ་འདི་འགྲིག་པ་ཞིག་ཡིན་པར་ ངོས་འཛིན་བྱེད་ཀྱི་ཡོད། བོད་ཀྱི་ྋསྐྱབས་མགོན་ཏཱ་ལའི་བླ་མ་མཆོག་ས་གནས་གང་ཞིག་ཏུ་ཆིབས་སྒྱུར་བསྐྱངས་ རུང་ཁོང་གིས་སྐུ་ངལ་ཁྱད་བསད་ཀྱིས་བྱམས་བརྩེ་དང་བཟོད་བསྲན། འཚེ་བ་མེད་པ། དྲང་བདེན། རང་དབང་སོགས་འགྲོ་བ་མིའི་རིན་ཐང་གོང་མཐོར་གཏོང་རྒྱུར་ཐུགས་བརྩོན་གནང་གི་ ཡོད། ཁོངང་གི་མཛད་རྗེས་ཀྱི་རིན་ཐང་གཙིགས་ཆེར་འཛིན་མཁན་ཨ་རིའི་རྒྱལ་ཁབ་ཀྱིས་ཁོང་ ལ་ཡི་རང་བསྔགས་བརྗོད་ཞུ་བཞིན་ཡོད། བོད་མི་ཚོར་རྒྱབ་སྐྱོར་བྱེད་པའི་ཆོད་སེམས་ཀྱིས་ཨ་རིའི་གྲོས་ཚོགས་ཀྱི་སྲིད་ དོན་ཚོགས་པ་གཉིས་པོ་ (Republic and Democrat) གྲོས་ཚོགས་ཀྱི་ཚོགས་ཁང་ནང་མཉམ་འཛོམས་ཐུབ་པ་བྱུང་ཡོད། འབྱུང་འགྱུར་ཡང་ཆབ་སྲིད་ཚོགས་པ་གཉིས་པོ་མཉམ་རུབ་ཀྱི་ཐོག་ནས་དུས་ཡུན་ཇི་ཙམ་ འགོར་མིན་ལ་མ་ལྟོས་པར་བོད་མིའི་རྩ་དོན་བསྒྲུབ་བྱར་རྒྱབ་སྐྱོར་མུ་མཐུད་བྱེད་ ཐུབ་པའི་རེ་བ་གནང་བཞིན་ཡོད་ཅེས་གསུང་པ་རེད།

 

དེ་རྗེས་ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ཟུར་པ་ལྕམ་སྐུ་ ནན་སི་པི་ལོ་སི་ཡིས་ད་རེས་ཚོགས་གཙོ་མཆོག་གིས་ྋགོང་ས་མཆོག་གྲོས་ཚོགས་སུ་གདན་ ཞུ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་ཆབས་གཅིག ཁོང་གིས་ྋགོང་ས་མཆོག་སྐུ་གཞོན་ནུའི་སྐབས་དེ་སྔའི་ཨ་རིའི་སྲིད་འཛིན་སྐུ་ཞབས་ ཕེ་རན་ཀི་ལིན་རུ་སུ་ཝིལ་ཌི་ (President Franklin Roosevelt) མཆོག་གིས་གོང་ས་མཆོག་ལ་གསེར་གྱི་ཆུ་ཚོད་ གཅིག་ཕྱག་རྟགས་སུ་འབུལ་གནང་བའི་སྐོར་དང། དེ་རྗེས་ཨ་རིའི་སྲིད་འཛིན་ཟུར་པ་སྐུ་ཞབས་ཇོར་ཇི་ཌབ་ལུ་བྷུ་ཤུ་མཆོག་གིས་ཨ་ རིའི་སྲིད་འཛིན་གྱི་གསེར་གྱི་གཟེངས་རྟགས་འབུལ་ལམ་ཞུས་གནང་བ་མ་ཟད། ཨ་རིའི་སྲིད་འཛིན་ལས་ཐོག་སྐུ་ཞབས་བྷ་རཀ་ཨོ་བྷ་མ་མཆོག་གིས་ྋགོང་ས་མཆོག་ཕོ་ བྲང་དཀར་པོའི་ནང་མཇལ་འཕྲད་མཛད་ཡོད་པའི་སྐོར་སོགས་གསུང་ཡོད་པ་རེད།

 

དེ་རྗེས་ྋགོང་ས་མཆོག་གིས་གསར་འགོད་པ་ཚོར་བཀའ་གནང་དོན།  ངོས་ལ་དམིགས་བསལ་གང་ཡང་ཞུ་རྒྱུ་མེད། ངོས་རང་ད་ཐེངས་ཨ་རིའི་རྒྱལ་ས་ཝ་ཤིང་ཊོན་དུ་ཡོང་རྒྱུའི་དགོས་དམིགས་གཙོ་བོ་ ནི་ནང་ཆོས་ནས་གསུངས་པའི་བྱིན་རླབས་ཆེ་བའི་རྒྱུད་ཀྱི་ཆོས་འབྲེལ་ཆེད་ཡོང་བ་ ཡིན། ངོས་རང་འདིར་བསླེབས་རྗེས་ངོས་ཀྱི་གྲོགས་པོ་རྙིང་པོ་ཚོ་ཐུག་འཕྲད་བྱེད་རྒྱུ་ ངོས་ཀྱི་ལས་འགན་ཆགས་ཡོད། ལྷག་པར་ཚོགས་ཁང་འདིས་ང་ཚོར་རྟག་ཏུ་བློ་སྤོབས་ཤིག་སྐྲུན་གྱི་ཡོད་པས་འདིར་ ཕེབས་པའི་ཁྱེད་རྣམ་པ་ཚང་མར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་དང། ཡང་གོང་ས་མཆོག་ གིས་ཉེ་ལམ་གང་ཉིད་ཀྱི་བོད་ཀྱི་ཆབ་སྲིད་ཀྱི་འགན་དབང་ཡོངས་རྫོགས་མི་མང་གིས་ ཐད་ཀར་འོས་འདེམས་བྱས་པའི་འགོ་ཁྲིད་ཚོར་རྩིས་སྤྲོད་གནང་བའི་རྒྱུ་མཚན་རྣམས་ གསལ་བཤད་གནང་།

 

དེང་སྐབས་ཆོས་དཔོན་དང་རྒྱལ་པོ་རྒྱལ་མོ་བཅས་ཀྱིས་རྒྱལ་ཁབ་ ཀྱི་དབུ་ཁྲིད་བྱེད་རྒྱུའི་དུས་ཚོད་ད་ཆ་ཡོལ་ཟིན་པ་ཞིག་ཡིན་པ་ངོས་ཀྱིས་བསམ་ གྱི་ཡོད། ཆོས་སྲིད་གཉིས་ཀྱི་སྒྲིག་འཛུགས་ཐ་དད་སོ་སོར་འབྱེད་དགོས་རྒྱུ་གལ་ཆེན་པོ་རེད་ ཅེས་དང། ངོས་རང་གཞོན་ནུའི་དུས་ནས་བོད་ཀྱི་སྤྱི་ཚོགས་ལམ་ལུགས་དམངས་གཙོ་ཅན་དུ་བསྒྱུར་ རྒྱུའི་དགོངས་བཞེས་ཡོད། ད་ལམ་ཆབ་སྲིད་ཀྱི་ཐུགས་འགན་ལས་བགྲེས་ཡོལ་ཆ་ཚང་ཕེབས་རྒྱུའི་དགོངས་གཞི་འདི་ གློ་བུར་གྱི་ཐག་གཅོད་ཅིག་མིན་པའི་སྐོར་སོགས་གསུང་ཡོད། སྐབས་དེར་ྋགོང་ས་མཆོག་དང་ལྷན་དུ་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྤྱི་འཐུས་ ཚོགས་གཙོ་སྤེན་པ་ཚེ་རིང་དང་། སྐབས་གསུམ་པའི་བཀའ་ཁྲིར་འདེམས་ཐོན་བྱུང་བ་མཁས་དབང་བློ་བཟང་སེངྒེ། ྋགོང་ས་མཆོག་གི་དམིགས་བསལ་སྐུ་ཚབ་བཀའ་ཟུར་རྒྱ་རི་བློ་གྲོས་རྒྱལ་མཚན། དེ་བཞིན་སྐུ་སྒེར་ཟུང་དྲུང་བསྟན་འཛིན་སྟག་ལྷ་ལགས་བཅས་ལྷན་བཅར་ཞུས་ཡོད་པ་བཅས

བོད་དོན་རྒྱབ་སྐྱོར་གྲོས་ཆོད་ཅིག

 

        ཕྱི་ཟླ་  པའི་ཚེས་ ༢༧ ཉིན་ཡུ་རོབ་ཌན་མག་རྒྱལ་ཁབ་ཀྱི་གྲོས་ཚོགས་ཚོགས་འདུའི་སྟེང་། ཡུལ་དེའི་གྲོས་ཚོགས་ཚོགས་མི་ཚོས་བོད་ཀྱི་གནད་དོན་སྐོར་ལ་གྲོས་བསྡུར་ལྷུག་པོ་ཞིག་གནང་ཡོད་པར་མ་ཟད། བོད་དོན་རྒྱབ་སྐྱོར་གྱི་གྲོས་ཆོད་ཅིག་ཀྱང་བཞག་ཡོད་འདུག  སྐབས་དེའི་གྲོས་ཆོད་ཀྱི་ནང་དུ། རྒྱ་གཞུང་གིས་༧གོང་ས་མཆོག་གི་སྐུ་ཚབ་དང་ལྷན་དུ་འབྲེལ་མོལ་གནང་དགོས་པ་དང་། བོད་མིའི་ཆོས་དང་རིག་གཞུང་སྲུང་སྐྱོབ་བྱ་དགོས། ཞེས་འཁོད་ཡོད་པ་རེད།

        གྲོས་ཆོད་མ་བཞག་གོང་གྲོས་ཚོགས་འཐུས་མི་ཚོས་གྲོས་ཚོགས་ར་བའི་ནང་། མངོན་གསལ་དོད་པོའི་ཐོག་ནས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་གནས་སྟངས་ཐོག་སེམས་འཚབ་ཡོད་སྐོར་དང་།  བོད་མིའི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་སྲུང་སྐྱོབ་དགོས་པ། ལྷག་པར་དུ། རྒྱ་གཞུང་གིས་བཙན་བྱོལ་དུ་བཞུགས་བཞིན་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཚབ་ལ་བོད་ཀྱི་གནད་དོན་སྐོར་གྲོས་མོལ་གནང་སྟེ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་བོད་མིའི་འགྲོ་བ་མིའི་ཐོབ་ཐང་དང་ཆོས་དད་རང་དབང་། ལེགས་བྱང་སྲུང་སྐྱོབ་རང་དབང་བཅས་ལ་བརྩི་སྲུང་བྱས་ཐོག བོད་ལ་མིང་དོན་མཚུངས་པའི་རང་སྐྱོང་གནས་བབ་སྤྲོད་དགོས་པའི་བགྲོ་གླེང་ཤུགས་ཆེན་གནང་ཡོད་འདུག

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php