བོད་མི་མང་སྤྱི་འཐུས་ཀྱི་གསར་འགོད་གསལ་བསྒྲགས།

 

     ཕྱི་ལོ་༢༠༡༡ ཟླ་༡༠ ཚེས་༡ ཉིན་དཀར་མཛེས་ཁུལ་གསེར་རྟ་རྫོང་ཐོག་ཏུ། བོད་མི་ཚོས་བོད་ལ་རང་དབང་དགོས་པ་དང་། ཆོས་དད་རང་དབང་དགོས་པ། འགྲོ་འདུག་རང་དབང་དགོས་པ། སྨྲ་བརྗོད་རང་དབང་དགོས་པ། རྩོམ་འབྲི་ཁྱབ་སྤེལ་གྱི་རང་དབང་སོགས་གཞན་ལ་ཡོད་ པའི་རང་དབང་དེ་དག་ང་ཚོ་བོད་ལ་ངེས་པར་དུ་དགོས། ༧རྒྱལ་བ་༧བསྟན་འཛིན་རྒྱ་མཚོ་སྐུ་ཚེ་ཁྲི་ལོ་ཤོག བོད་རྒྱལ་ལོ་ཞེས་བཀོད་ཡོད་པའི་ཡིག་ཆ་བཀྲམ་སྟེ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ ཡོད་པ་རེད།

དེ་བཞིན་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣ ཉིན་བོད་ནང་གི་ཕྱི་དྲོའི་དུས་ཚོད་ ༢ ཙམ་ལ་རྔ་པ་རྫོང་། ཆོས་རྗེ་མ་ཞང་སོ་རུ་མ་སྡེ་བའི་ཚུར་དྲིས་ཚང་གི་ཕ་ཚུར་དྲིས་དང་མ་བདེ་མཆོག་ གཉིས་ཀྱི་བུ་རྔ་པ་ཀིརྟི་དགོན་པའི་དུས་འཁོར་གྲྭ་ཚང་གི་གྲྭ་སྐལ་བཟང་དབང་ཕྱུག རང་ལོ་ ༡༧ ཡིན་པ་ཁོང་གིས་༸གོང་ས་མཆོག་གི་སྐུ་པར་ཞིག་ལག་ཏུ་བཟུང་ནས་རྔ་པ་རྫོང་མཁར་གྱི་གཞུང་ལམ་དུ་ཐོན་པ་དང་རང་ལུས་ལ་མེ་སྦར་ཏེ་རྒྱ་ནག་གཞུང་ལ་ངོ་རྒོལ་སྐད་འབོད་གནང་འདུག་མོད། དེ་མ་ཐག་རྒྱ་དམག་གིས་བསྐོར་ནས་མེ་བསད་ཅིང་གཅར་རྡུང་དྲག་པོ་གཏོང་བཞིན་ཁྱེར་ཡོད་པ་རེད།

       དེང་སྐབས་བོད་ནང་གི་བོད་མི་ཚོས་རང་དབང་གི་ཆེད་དུ་གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེ་རུ་སྒྲོན་པ་དང། ༧གོང་ས་མཆོག་གི་སྐུ་པར་དང་བོད་ཀྱི་རྒྱལ་དར་འཕྱར་ནས་ཁྲོམ་གཞུང་དུ་དྲག་གནོན་ལ་ཞུམ་པ་མེད་པའི་ཐོག་ནས་ཞི་བའི་ངོ་རྒོལ་བྱེད་བཞིན་ཡོད་པ་འདིས། རྒྱ་ནག་སྲིད་གཞུང་གིས་བོད་མིའི་ཐོག་དམ་དྲག་དང་གཉའ་གནོན་ཇི་ཙམ་བྱེད་བཞིན་ཡོད་པ་མཚོན་གྱི་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་གཙོས་པའི་རྒྱལ་སྤྱིའི་སྲིད་གཞུང་ཁག་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་སྡེ་དང་སྒྲིག་འཛུགས་ཁག་གིས། རྒྱ་ནག་གཞུང་ལ་བོད་ཐོག་འཛིན་པའི་ཕྱོགས་ལྷུང་ཅན་གྱི་སྲིད་ཇུས་ལ་འཕྲལ་དུ་འགྱུར་ལྡོག་གཏོང་དགོས་པའི་སྐུལ་མ་ནན་པོ་བྱེད་དགོས་པ་དང་། གལ་ཏེ་ཉེན་ཚབས་ཆེ་བའི་གནད་དོན་འདི་དག་རྒྱ་ཡན་དུ་བཏང་ན་བོད་ནང་རང་ལུས་མེ་ལ་བསྒྲོན་པའི་དཀའ་སྡུག་ཆེ་བའི་ལས་འགུལ་མང་དུ་འགྲོ་ངེས་ཡིན་ལ། དེ་བཞིན་རྒྱལ་གཅེས་དཔའ་བོ་དེ་དག་གི་བསམ་དོན་ཡིད་བཞིན་འགྲུབ་པ་དང་ཤུལ་ལུས་ནང་མི་ཉེ་འབྲེལ་ལྟོས་བཅས་ལ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་ཐུགས་གསོ་དང་། རྒྱ་ནག་གཞུང་ལ་ངེས་པར་དུ་དེའི་ཕྱོགས་ལ་བསམ་གཞིགས་བྱེད་དགོས་པའི་སྐུལ་མ་བྱེད་ཀྱི་ཡོད།  བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༤ ལ།།

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད།

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་གྲོས་ཆོད

སྔོན་གླེང་།

ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༦ ཉིན་གྱི་བོད་ནང་གི་ཆུ་ཚོད་ ༡༠།༣༠ ཡོལ་ཙམ་ལ། རྔ་བ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་དང་། གྲྭ་བློ་བཟང་དཀོན་མཆོག་གཉིས་ཀྱིས་རྔ་བ་རྫོང་ཐོག་གི་ཁྲོམ་གཞུང་དུ་༸རྒྱལ་བ་ རིན་པོ་ཆེ་སྐུ་ཚེ་ཁྲི་ལོར་བརྟན་པར་ཤོག  བོད་ལ་ཆོས་དད་རང་དབང་དགོས་ཞེས་སོགས་འབོད་ཚིག་སྒྲོག་བཞིན་རང་ལུས་མེར་བསྲེགས་ བཏང་འདུག་པ་དང་། དེ་འཕྲལ་རྒྱ་གཞུང་གི་དྲག་ཆས་མི་སྣས་འཁྲིད་ཁྱེར་བྱས་འདུག

ཕྱི་ལོ་ ༢༠༠༨ ཀྱི་བོད་ས་ཁྱོན་ཡོངས་སུ་ས་བྱི་ཞི་རྒོལ་ཆེན་མོའི་སྐབས། རྔ་བ་རྫོང་ཐོག་ཏུ་རྒྱ་གཞུང་ལ་ཞི་བའི་ངོ་རྒོལ་བྱེད་མཁན་སེར་སྐྱ་བཅུ་ཕྲག་ལྷག་ ཙམ་དམར་གསོད་བཏང་བ་ནས་བཟུང་། རྒྱ་གཞུང་གིས་བོད་ཆོལ་ཁ་གསུམ་སྤྱི་དང་། ལྷག་པར་དུ་རྔ་བ་ཁུལ་ལ་དྲག་གནོན་གྱི་གདུག་རྩུབ་སྲིད་ཇུས་རྒྱུན་མ་ཆད་པར་སྤེལ་ ཏེ་འ་ཆད་འུ་ཐུག་བཟོས་ཏེ་ད་ལོའི་ཟླ་ ༣ ཚེས་ ༡༦ ཉིན་ཀིརྟི་དགོན་པའི་གྲྭ་བློ་བཟང་ཕུན་ཚོགས་ཀྱིས་རང་ལུས་མེར་བསྲེགས་ཀྱིས་ གཅེས་སྲོག་ཤོར་ཡོད་ནའང་། རྒྱ་གཞུང་ནས་ཞི་རྒོལ་བའི་རེ་འདུན་ལ་ཉན་འཇོག་ལས་ལྡོག་སྟེ། རྔ་བའི་ས་གནས་གང་སར་དྲག་དཔུང་འགྲེམས་འཇོག་གིས་དམ་བསྒྲགས་དང་། ཀིརྟི་དགོན་པའི་གྲྭ་པ་རྣམས་ཟླ་བ་ལྔ་ལྷག་རིང་དགོན་པའི་ལྕགས་རིའི་ཕྱིར་ཐོན་ དུ་མ་བཅུག་པར་བཙོན་པ་དང་གཅིག་མཚུངས་ཀྱིས་བཀག་སྡོམ། རྔ་བ་དང་ཉེ་ཁུལ་ས་གནས་ཀྱི་རྒྱ་གཞུང་ལས་བྱེད་ ༨༠༠ ཙམ་གྱིས་རྒྱལ་གཅེས་ཆོས་གཅེས་ཀྱི་སློབ་གསོ་ཟེར་བའི་ལས་འགུལ་སྤེལ་ཏེ་གྲྭ་པ་ བརྒྱ་ཕྲག་མང་པོ་དགོན་པ་ནས་ཕྱིར་འབུད་བཏང་ཞིང་། བློ་བཟང་ཕུན་ཚོགས་མེར་བསྲེགས་དོན་རྐྱེན་དང་འབྲེལ་བ་ཡོད་པར་བསྙད་དེ་དགེ་ འདུན་པ་གསུམ་ལ་ལོ་བཅུ་ཡན་དང་། དགེ་འདུན་པ་གཞན་གསུམ་ལ་ལོ་གཉིས་དང་ཕྱེད་ནས་གསུམ་བར་གྱི་ཁྲིམས་ཆད་བཏང་བ་ སོགས་ད་ལོ་ཕྱི་ཟླ་ ༣ བཟུང་ད་བར་ཉུང་མཐར་ངོ་རྟགས་ཆོད་པའི་སྐྱ་སེར་གྲངས་ ༡༨༠ ཙམ་ཞིག་འཛིན་བཟུང་བཀག་བསྐྱིལ་དང་། དགེ་འདུན་པ་ ༡༠ དང་སྐྱ་བོ་གཅིག་ལ་ལོ་ ༣ ནས་ ༡༣ བར་གྱི་བཙོན་འཇུག་ཁྲིམས་ཆད་བཏང་ཡོད། གནས་ཚུལ་ཡོང་ཁུངས་ལ་གཞིགས་ན། དགེ་འདུན་པ་གཉིས་མེར་བསྲེགས་ཀྱི་དོན་རྐྱེན་བྱུང་མ་ཐག རྒྱ་གཞུང་གིས་རྔ་པའི་ཕྱོགས་ཚང་མར་དམག་མི་འབོར་ཆེན་འགྲེམས་འཇོག་དང་། རྔ་པ་རྫོང་མཁར་ཡོངས་ལ་དམ་བསྒྲགས་ནན་མོ་བྱས་ཡོད་པ་མ་ཟད། ཀིརྟི་དགོན་པའི་ནང་ལ་ད་ལྟའང་རྒྱ་གཞུང་གི་ལས་བྱེད་པ་བརྒྱ་ཕྲག་མང་པོས་ཉིན་ མཚན་གཉིས་ཀར་བརྡབ་གསིག་སུན་གཙེར་བཟོ་བཞིན་ཡོད་སྟབས། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་གྲོས་ཆོད་ཅིག་འཇོག་དགོས་གལ་འགངས་ཆེ་བར་ མཐོང་།

 

གྲོས་ཆོད།

རང་ལུས་མེར་བསྲེགས་གཏོང་མཁན་དགེ་འདུན་པ་གཉིས་ལ་གདུང་སེམས་མཉམ་བསྐྱེད་ དང་། གང་མྱུར་དྲག་སྐྱེད་ཡོང་བའི་སྨོན་འདུན་ཞུ་རྒྱུ་དང་། རྒྱ་གཞུང་གིས་དྲག་རྩུབ་སྲིད་ཇུས་ཐ་ཤལ་དེ་རིགས་འཕྲལ་དུ་མཚམས་འཇོག་གིས། བོད་མིའི་ཞི་བའི་འདོད་འདུན་ལ་བསམ་ཞིབ་དང་། གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་བཀུར་ཐོག ལོ་ངོ་དུ་མར་རྒྱུན་མཐུད་པའི་ས་གནས་ཀྱི་ཛ་དྲག་དཀའ་ངལ་ཞི་ལྷིང་ཡོང་སླད། རྒྱལ་སྤྱིའི་ཕྱི་འབྲེལ་མི་སྣ་དང་། རང་དབང་གསར་འགོད་པ་ས་གནས་སུ་ངོ་བསྐྱོད་ཐུབ་པ་དགོས་པའི་རེ་སྐུལ་བྱ་རྒྱུ་དང་།

གཞིས་བཞུགས་རང་རིགས་སྤུན་ཟླ་རྣམ་པས་བོད་དང་བོད་མིའི་རྩ་དོན་སླད་ལྷག་བསམ་ དང་སྙིང་སྟོབས་གཞོམ་མེད་རྡོ་རྗེའི་ཁམས་སུ་བརྟན་པ་ལ་བསྔགས་བརྗོད་དང་རྗེས་སུ་ ཡི་རངས་ཞུ་བ་དང་ཆབས་ཅིག རྒྱ་ནག་གི་རྩ་ཁྲིམས་དང་། མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས། ས་གནས་ཀྱི་རང་སྐྱོང་སྲོལ་ཡིག་སོགས་ཁྲིམས་ཡིག་གིས་འགན་སྲུང་བྱས་པའི་ཐོབ་ཐང་ རྣམས་མུ་མཐུད་འཚེ་མེད་ཞི་བའི་ཐབས་ལམ་གྱི་རྒྱ་ལས་མ་འགོངས་པར་རྩོད་ལེན་ཞུ་ རྒྱུ་གལ་འགངས་ཆེ་བའི་གཞེན་སྐུལ་ནན་ཏན་ཞུ་རྒྱུ་བཅས་ཀྱི་སྤྱི་མོས་གྲོས་ཆོད་ དུ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ནས་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༣༠ ལ། །

གཞུང་འབྲེལ་གདུང་སེམས་མཉམ་བསྐྱེད་ཀྱི་་གྲོས་ཆོད་འདི་བཞིན་སྐབས་ ༡༥ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༢ པའི་ཐོག་ཕྱི་ལོ་ ༢༠༡༡ ཟླ་ ༩ ཚེས་ ༢༠ ཉིན་སྤྱི་མོས་ཀྱིས་གཏན་འབེབས་གནང་། །


སྦེལ་ཇམ་བོད་རིགས་ཚོགས་པས་སྣེ་ཁྲིད་ཀྱིས་སྦེལ་ལྗམ་བོད་ཀྱི་གྲོགས་པོ་ཚོགས་པ་དང་། རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཡན་ལག་བཅས་མཉམ་འབྲེལ་གྱི་གོ་སྒྲིག་འོག 
ཁ་སང་ཕྱི་ཚེས་ ༦ ཉིན་གྱི་ཞོག་པའི་ཆུ་ཚོད ༡༠ པ་ནས་ཉིན་རྒྱབ་ཆུ་ཚོད་ ༢ པ་པར། ཡུ་རོབ་གྲོས་ཚོགས་ཀྱི་མདུན་ཐང་དུ། ཉེ་ཆར་བོད་ནང་ནས་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་ལས་འགུལ་སྔ་རྗེས་སྤེལ་པར་རྒྱབ་སྐྱོར་དང་གདུང་སེམས་མཉམ་སྐྱེད་ཆེད། ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཞིག་གོ་སྒྲིག་བྱས་པར་མི་མང་བརྒྱ་སྐོར་ཞིག་མཉམ་ཞུགས་གནང་ཡོད་འདུག

ལས་འགུལ་དེར་རྒྱབ་སྐྱོར་ཆེད། ཡུ་རོབ་གྲོས་ཚོགས་ཀྱི་ཨི་ཏ་ལིའི་(Italy)འཐུས་མི་སྐུ་ཞབས། རོ་ས་རིའོཁུ་རོསི་ཏ་(Rosario Crocetta)མཆོག་དང་།  ཡུ་རོབ་གྲོས་ཚོགས་ཀྱི་ཚོགས་གཙོ་གཞོན་པ་སྐུ་ཞབས་ལ་སི་ལོཏོག་སི་(Laszlo Tokes)མཆོག་གི་ཕྱག་རོགས་ལྕམ་ཟུའུ་ཟ་ཨནཕེརུཟེས(Zsuzsa Ann Fereuczy) དེ་བཞིན་ཡུ་རོབ་གྲོས་ཚོགས་ཀྱི་ཨེ་སི་ཏོ་ནིས་ཡའི་Estonia འཐུས་མི།  ལྕམ་ཁེརས་ཊི་ན ཨུཡུ་ལན་ཊི་( Kristiina Ojuland)མཆོག་གི་ཕྱག་རོགས་སྐུ་ཞབས་ཇོལཧེར་ཝུ(Joel Hirv) ཡུ་རོབ་རང་དབང་མནའ་འབྲེལ(Eu Free Alliane)གྱི་ཚོགས་གཙོ། སྐུ་ཞབས་ཨེ་རིཀ ཊི་ཕོར་ཊི་(Eric Defoort)བཅས་མཉམ་ཞུགས་དང་གཏམ་བཤད་བཅས་གནང་ཡོད་འདུག

བོད་ཀྱི་ཆབ་སྲིད་བཙོན་ཟུར་གསུམ་གྱིས་རང་ལུས་མཆོད་མེར་ཕུལ་བའི་རྒྱལ་གཅེས་པ་རྣམ་པ་བཞི་ལ་རྗེས་དྲན་ཆེད་༼ཁྱོད་དང་བོད། འཐབ་རྩོད་ཀྱི་དྲན་ཤིང་། ཞེས་པའི་དྲན་རྟེན་ཞིག་བཞེངས་འདུག

ཟླ་འདིའི་ཕྱི་ཚེས་  ཉིན་སྟེ། རྒྱ་ནག་གི་རྒྱལ་སྟོན་དུས་ཆེན་དུ་སྟབས་བསྟུན་ཏེ་བཞུགས་སྒར་བོད་ཀྱི་འགྲེམས་སྟོན་ཁང་དུ། སྐུ་ མགྲོན་གཙོ་བོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཚེ་དབང་རིག་འཛིན་དང་ དགུ་བཅུ་ལས་འགུལ་ཚོགས་ཚོགས་གཞོན་ཀླུ་མཁར་བྱམས་ལགས་གཉིས་གདན་ཞུའི་ཐོག བོད་ཀྱི་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་དང་འཇིགས་མེད་རྒྱ་མཚོ། བསྟན་པ་དར་རྒྱས་བཅས་གསུམ་གྱིས་དང་བླངས་ཐོག་བོད་བསྟན་སྲིདམི་རིགས་ཀྱི་ཆེད་དུ་རང་ལུས་མཆོད་མེར་ཕུལ་བའི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་དང་གྲྭ་བཀྲ་བྷེ། གྲྭ་བློ་བཟང་ཕུན་ཚོགས། གྲྭ་ཚེ་དབང་ནོར་བུ་བཅས་རྣམ་པ་བཞི་ལ་གདུང་སེམས་མཉམ་སྐྱེད་ཆེད་དབོན་ཞང་རྡོ་རིང་གི་དབྱིབས་སུ་བཟོས་༼ ཁྱོད་དང་བོད། འཐབ་རྩོད་ཀྱི་དྲན་ཤིང་།༽ཞེས་པའི་དྲན་རྟེན་ཞིག་གསར་འགོད་པ་དང་ས་གནས་མི་མང་འདུ་འཛོམས་ཐོག་དབུ་འབྱེད་གནང་ཡོད་འདུག  

འདིའི་ཐད་ཆབ་སྲིད་བཙོན་ཟུར་ལྷ་མོ་སྐྱབས་ལགས་ཀྱིས་བརྗོད་ན། དྲན་རྟེན་འདི་བཞེངས་བསྐྲུན་བྱེད་པའི་དམིགས་ཡུལ་གཙོ་བོ། འདས་པའི་མི་ལོ་འདི་དག་རིང་བཙན་བྱོལ་ནང་གི་རྒྱལ་གཅེས་དཔའ་བོ་ཐུབ་བསྟན་དངོས་གྲུབ་གཙོས། བོད་ནང་གི་གྲྭ་བཀྲ་བྷེ་དང་བློ་གྲྭ་བཟང་ཕུན་ཚོགས། གྲྭ་ཚེ་དབང་ནོར་བུ་བཅས་ཀྱིས་བོད་མི་རིགས་དང་བོད་རྒྱལ་ཁབ་ཀྱི་ཆེད་དུ་རང་ལུས་མཆོད་མེར་ཕུལ་ཏེ།བོད་གཞིས་བྱེས་མཉམ་འཛོམས་དང་༸གོང་ས་མཆོག་བོད་ནང་གདན་འདྲེན་ཞུ་རྒྱུ་བཅས་ཀྱི་འབོད་ཚིག་འོག  བོད་ མི་རིགས་ཀྱི་དངོས་ཡོད་དཀའ་ངལ་རྒྱལ་སྤྱིའི་ནང་གསལ་སྟོན་བྱས་པ་དེ་བོད་ཕྱི་ནང་ གཉིས་ཀྱི་བོད་མི་ཚོས་དུས་ནམ་ཡང་སེམས་ནས་མི་བརྗེད་པར་བྱ་རྒྱུ་དང་། ལྷག་པར་དུ་ཁོང་རྣམ་པའི་ཚེ་སྲོག་བོད་རང་དབང་སླར་གསོའི་ཆེད་དུ་ཕུལ་ཡོད་སྟབས། བཙན་བྱོལ་བོད་མི་ཚོ་དང་མི་རབས་རྗེས་མ་དག་གིསཁོང་རྣམ་པའི་ལྷག་བསམ་དང་སྙིང་སྟོབས་ལ་དྲན་གསོ་དང་གདུང་སེམས་མཉམ་སྐྱེད་མཚོན་ཕྱིར་བཞེངས་པ་ཞིག་ཡིན་སྐོར་བརྗོད་བྱུང་ལ། ཉེ་ ཆར་རང་ལུས་མཆོད་མེར་ཕུལ་བའི་རྔ་པ་ཀིརྟི་དགོན་པའི་གྲྭ་བློ་བཟང་སྐལ་བཟང་དང་ བློ་དཀོན་མཆོག་གཉིས་ཀྱི་གནས་ཚུལ་དྲན་རྟེན་བཞེངས་སྐྲུན་གྱི་རྗེས་སུ་བྱུང་ ཡོད་སྟབས། དྲན་རྟེན་ཐོག་འཇོག་ཐབས་བྱུང་མེད་ཀྱང་། ཁོང་ཚོའི་ངོས་ནས་ཁོང་རྣམ་པ་གཉིས་ཀྱི་གནས་སྟངས་ལ་གཞིགས་ཏེ་མུ་མཐུད་ལས་འགུལ་དང་རྒྱབ་སྐྱོར་གནང་འཆར་ཡོད་འདུག   

བོད་རིགས་ཆབ་སྲིད་བཙོན་ཟུར་གསུམ་གྱིས་མ་སྐུལ་དང་བླངས་ཐོག་ཧིན་སྒོར་ཁྲི་ ༣ ལྷག་གིས་བཞེངས་སྐྲུན་བྱས་པའི་དྲན་རྟེན་དེའི་རྒྱུ་ཆ་གཙོ་བོ་ལྕགས་དང་འགྱིག་ལས་གྲུབ་བཟོས་ཤིང་། རིང་ཚད་ལ་སོར་ ༡༠༠ དང་ཞེང་ལ་སོར་ ༢༦  སྲབ་མཐུག་སོར་ ༡༨ བཅས་ཡོད་འདུག དྲན་རྟེན་ཐོག་ཁོང་རྣམ་པའི་སྐུ་ཕུང་སྲེག་པའི་རིམ་པ་ལྟར་སྐུ་པར་དང་མཉམ་དུ་བོད་ཡིག་དང་དབྱིན་ཡིག  རྒྱ་གར་བཅས་སྐད་ཡིག་གསུམ་གྱི་ཐོག་ལོ་རྒྱུས་དང་གནས་ཚུལ་གྱི་བྱུང་རབས་ཆ་ཚང་བ་བཀོད་ཡོད་འདུ

༄༅། །འདི་གར་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཁང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༣ ཉིན་བཏང་གནས་ནང་འཁོད་དོན། བོད་ཀྱི་དཔའ་བོ་དགེ་འདུན་ཚེ་དབང་ནོར་བུ་ལགས་ཀྱིས་བོད་རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་རང་ལུས་མེར་སྲེག་བཏང་སྟེ་ཉིན་ཞག་ཞེ་དགུའི་བདུན་ཚིགས་དང་སྟབས་བསྟུན། ཐེ་ཝན་དུ་གནས་སྡོད་བོད་རིགས་ཚོགས་པ་དང་། རྒྱལ་སྤྱིའི་སློབ་ཕྲུག་བོད་དོན་རྒྱབ་སྐྱོར་ཚོགས་པ། ཐེ་ཝན་ཡན་ལག་ས་གནས་བོད་ཀྱི་གཞོན་ནུ་དང་བུད་མེད་ཚོགས་པ་བཅས་མཉམ་འབྲེལ་ཐོག་ཐེ་ཝན་ནང་ཕྱི་ཟླ་ ༡༠ ཚེས་ ༢ ཉིན་བོད་ཀྱི་དཔའ་བོ་རྣམས་ལ་རྗེས་དྲན་གྱི་ལས་འགུལ་རྒྱ་ཆེ་ཞིག་སྤེལ་ཡོད།
དེ་ཡང་ལས་འགུལ་དེ་སྤེལ་དགོས་པའི་དམིགས་ཡུལ་གཙོ་བོ་ནི་བོད་ནང་གི་བོད་མི་ཚོས་རྒྱ་ནག་གཞུང་གིས་བོད་མིར་འཛིན་པའི་སྲིད་བྱུས་ལ་ངོ་རྒོལ་དང་། བོད་ནང་ཆོས་དད་རང་དབང་དགོས་པ་སོགས་ཀྱི་ཆེད་ཞུམ་པ་མེད་པའི་སྙིང་སྟོབས་ཀྱིས་གཅིག་མཇུག་གཉིས་མཐུད་ངང་རང་གི་གཅེས་པའི་ལུས་སྲོག་མཆོད་འབུལ་གནང་བའི་བྱས་རྗེས་དང་ཁོང་རྣམ་པའི་དམིགས་ཡུལ་རྒྱུད་འཛིན། འཛམ་གླིང་མི་མང་གིས་བོད་ཀྱི་དོན་དངོས་གནས་ཚུལ་ཤེས་རྟོགས་ཡོང་སླད་ཡིན་འདུག
དེ་ཉིན་ཐེ་ཝན་དུ་གནས་སྡོད་བོད་མིས་གཙོས་བོད་དོན་རྒྱབ་སྐྱོར་གནང་མཁན་མི་གྲངས་ ༤༩ ནས་རྐང་འཁོར་བཞོན་ཏེ་དྲིལ་བསྒྲགས་ཀྱི་ལས་འགུལ་སྤེལ་བ་དང་། ཆུ་ཚོད་བཞི་པའི་ཐོག་མཛད་རིམ་འགོ་འཛུགས་ཀྱིས་ཐོག་མར་ལས་འགུལ་གོ་སྒྲིག་གནང་མཁན་གྱིས་ངོ་སྤྲོད་གསུང་བཤད་གནང་བ་དང་། དེ་རྗེས་སྐུ་མགྲོན་གཙོ་བོ་ཐེ་ཝན་གྲོས་ཚོགས་ཀྱི་འཐུས་མི་བོད་དོན་རྒྱབ་སྐྱོར་གནང་མཁན་ལྕམ་གྲན་ཇའེ་རུའུ་ལགས་ཀྱིས་གསུང་བཤད་གནང་གྲུབ་རྗེས། རང་གི་ལུས་པོ་མེར་སྲེག་གཏོང་མཁན་བོད་ཀྱི་དཔའ་བོ་དྲུག་ལ་མྱ་ངན་གུས་འདུད་ཞུས་ཏེ། ཐེ་ཝན་གྱི་རྒྱལ་ས་ཐའེ་པེ་གྲོང་ཁྱེར་དུ་རྐང་འཁོར་བཞོན་ནས་བོད་ལ་རང་དབང་དགོས་པ་སོགས་ཀྱི་འབོད་ཚིག་སྒྲོག་སྟེ་ལམ་བར་དུ་ལས་འགུལ་དང་འབྲེལ་བའི་ཁྱབ་བསྒྲགས་ཀྱི་ཡིག་ཆ་འགྲེམས་སྤེལ་གནང་། ཚོགས་རྭའི་མདུན་ཐང་དུ་ཐེ་ཝན་ཡུལ་མི་གཞས་པ་སྐད་གྲགས་ཅན་པཱ་ནེ་བཟའ་མི་གཉིས་ཀྱིས་བོད་དོན་ལ་རྒྱབ་སྐྱོར་གྱི་རོལ་དབྱངས་བཏང་བ་དང་། རྐང་འཁོར་སྐོར་སྐྱོད་གནང་མཁན་རྣམས་ཚོགས་ཪྭར་ཕྱིར་འཁོར་རྗེས་དགོང་དྲོ་ཆུ་ཚོད་དྲུག་དང་ཕྱེད་ཀའི་ཐོག་བོད་ཀྱི་བླ་སྤྲུལ་དགེ་བཤེས་རྣམ་པས་བསྔོ་སྨོན་གསུང་འདོན་གནང་ཡོད། ལས་འགུལ་མཇུག་བསྡོམས་སྐབས་ཐེ་ཝན་བོད་ཀྱི་སྐུ་ཚབ་དོན་གཅོད་ཟླ་བ་ཚེ་རིང་ལགས་ཀྱིས་གསུང་བཤད་དང་བོད་རིགས་ཚོགས་པའི་ཚོགས་གཙོས་མཇུག་བསྡོམས་གསུང་བཤད་གནང་སྟེ་ལས་འགུལ་མཇུག་སྒྲིལ་གནང་།
དེ་ཉིན་ཆར་རླུང་དྲག་པོ་བྱུང་ཡང་ལས་འགུལ་ནང་ཞུགས་མཁན་རྣམས་ཀྱིས་དཀའ་ངལ་ལ་མ་འཛེམས་པར་ལས་འགུལ་ནང་མཉམ་ཞུགས་གནང་ཡོད་པ་མ་ཟད། ཐོག་མའི་དམིགས་ཡུལ་གཞི་བཟུང་ཁྱབ་བསྒྲགས་ཤུགས་ཆེ་བྱུང་ཡོད་པ་བཅས།

 

སྤྱིར་ལས་འགུལ་དེ་( Amnesty International )ཞེས་པའི་ཚོགས་པས་ལོ་ལྟར་གོ་སྒྲིག་ཞུ་བཞིན་ཡོད་ཀྱང་། བོད་མི་ཚོས་ཆ་ཤས་བླངས་པ་ད་རེབ་ཐེངས་གཉིས་པ་ཆགས་ཀྱི་ཡོད་འདུག ཐེངས་དང་པོའི་སྐབས་ཆབ་སྲིད་བཙོན་པ་དོན་གྲུབ་དབང་ཆེན་མཆོག་རྒྱའི་བཙོན་འོག་ནས་འཕྲལ་དུ་ཀློད་གྲོལ་ཡོང་བའི་འབོད་སྐུལ་གྱི་ཕྲེད་དར་འཕྱར་ཏེ་སྐད་འབོད་གནང་ཡོད་འདུག་ལ། ཐེངས་འདིར་རྒྱ་གཞུང་གིས་བོད་ནང་གི་འབྲོག་པ་རྣམས་བཙན་ཤེད་ཀྱིས་གནས་སྤོ་བྱེད་དུ་འཇུག་གི་ཡོད་པ་དེ་འཕྲལ་དུ་མཚམས་འཇོག་ཡོང་དགོས་པའི་འབོད་ཚིག་བཀོད་པའི་ཕྲེད་དར་བསྣམས་ཡོད་འདུག

ལས་འགུལ་དེར་བོད་མི་བརྒྱ་སྐོར་ཞིག་དང་ལྷན་དུ་རྒྱལ་ཁབ་འདྲ་མིན་གྱི་མི་གྲངས་སྟོང་ཕྲག་བརྒལ་མཉམ་ཞུགས་ཀྱིས་ལུང་པ་མི་རིགས་སོ་སོའི་དཀའ་རྙོག་སྐོར་གྱི་འབོད་ཚིག་སྒྲོག་བཞིན་ཌེབི་སུ་ཀེར་( Davis Square)ནས་ཧར་ཝཊ་ཙུག་ལག་སློབ་གྲྭ (Harvard University)བར་སྤྱི་ལེ་ ༢ དང་ཕྱེད་ཙམ་གྱི་སར་གོམ་བགྲོད་ཡོད་པ་དང་། བོད་པ་ཚོས་ལམ་བར་དུ་བཀྲ་ཤིས་ཞོལ་པ་དང་གཡག་སོགས་འཁྲབ་བཞིན་བོད་ལ་རང་དབང་དགོས། རྒྱ་དམར་བོད་ནས་ཕར་རྒྱུག་ཤིག བོད་ཀྱི་བདག་པོ་བོད་མི་ཡིན། ༧གོང་ས་མཆོག་སྐུ་ཚེ་ཁྲི་ལོ་བརྟེན་ཤོག་སོགས་སྐད་འབོད་གནང་ཡོད་འདུག

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php