ཡུལ་ཤུལ་སྐྱེ་རྒུ་མདོའི་མི་མང་གིས་རྒྱ་གཞུང་ལ་ངོ་རྒོལ་བྱས།

 

གནས་ཚུལ་བཏང་འབྱོར་བྱུང་བ་ལྟར་ན། ཟླ་འདིའི་ཕྱི་ཚེས་ ༡ ཉིན་ཡུལ་ཤུལ་སྐྱེ་རྒུ་མདོའི་བོད་རིགས་མི་མང་སྟོང་ཕྲག་ལྷག་གིས་ཁུལ་སྲིད་གཞུང་དང་། འབྲེལ་ཡོད་ལས་ཁུངས་ཁག་གི་སྒོ་ཁར་བསྐྱོད་དེ། མང་ཚོགས་ཀྱི་དཀའ་ངལ་ཞུ་གཏུག་གིས་སྐད་འབོད་བརྒྱབ་ཡོད་ཅིང་། ཉིན་གུང་གྲོང་ཁྱེར་དཀྱིལ་དབུས་ཀྱི་གེ་སར་ཐང་ཆེན་ཞེས་པར་འཛོམས་ཏེ། འབོད་ཚིག་སྣ་ཚོགས་བཀོད་པའི་འཕྲེད་དར་འཕྱར་བཞིན་ཁྲོམ་སྐོར་བྱས་ཡོད་འདུག ཉིན་དེ་ནས་བཟུང་ལོ་ན་ ༧༠ ཡས་མས་ཅན་གྱི་རྒན་འཁོགས་དང་། སྔར་ལོའི་ས་འགུལ་ཁྲོད་དབང་བོ་སྐྱོན་ཅན་དུ་གྱུར་བའི་མི་མང་བརྒྱ་སྐོར་ཞིག་གཞུང་ལམ་སུམ་མདོ་ནས་ཉལ་ཡོད་ཀྱང་། དེ་རིང་དགོང་མོའི་ཆུ་ཚོད་ ༡༠ ཙམ་ལ་མི་མང་ཚོས་དགོང་ཟས་ཟ་བཞིན་ཡོད་པའི་གོ་སྐབས་དང་བསྟུན་ཏེ། དྲག་ཆས་ཉེན་རྟོག་པ་དང་དམག་མི་སྟོང་ཕྲག་ལྷག་གློ་བུར་དུ་འབྱོར་ཏེ། མི་མང་ལ་ཉེས་རྡུང་དྲག་པོ་བཏང་སྟེ་བཙན་ཚུགས་ཀྱིས་རང་རང་སར་ཁ་གཏོར་བཏང་ཡོད་པ་མ་ཟད། བོད་མི་མང་པོ་ཞིག་འཛིན་བཟུང་བཀག་བསྐྱིལ་ཡང་བྱས་ཡོད་འདུག

 

དེ་རིང་དགོང་མོའི་ཆུ་ཚོད་ ༡༡ ཐོག་ཡུལ་ཤུལ་སྐྱེ་རྒུ་མདོ་ནས་བཏང་འབྱོར་བྱུང་བའི་ཡིག་ཐོག་གི་གནས་ཚུལ་ནང་བཀོད་དོན། ཚེས་ ༡ ཉིན་གྱི་སྔ་དྲོའི་ཆུ་ཚོད་༩ ཙམ་ལ་ཡུལ་ཤུལ་སྐྱེ་རྒུ་མདོའི་བོད་རིགས་མི་མང་རྒན་དར་གཞོན་གསུམ་སྟོང་ཕྲག་བརྒལ་བ་ཞིག་གྲོང་ཁྱེར་སུམ་མདོ་གེ་སར་ཐང་ཆེན་ལ་འཛོམས་ཏེ། ངུ་འབོད་དང་སྐད་འབོད་ཤུགས་ཆེན་བྱས་ཏེ། ཁུལ་སྲིད་གཞུང་ལ་ངོ་རྒོལ་ཁྲོམ་སྐོར་བྱས་སོང་། སྐབས་དེར་ལོ་ན་ ༧༠ ཡས་མས་ཅན་གྱི་རྒན་འཁོགས་མང་པོ་འཁར་བ་ལ་བརྟེན་ཞིང་། སྔར་ལོའི་ས་འགུལ་གནོད་འཚེ་ཁྲོད་དབང་བོ་སྐྱོན་ཅན་དུ་གྱུར་ཡོད་པ་མང་པོ་གླ་འཁོར་སོགས་སུ་བསྡད་དེ་བསླེབས་འདུག་ལ། ཁོང་ཅག་གིས་ལག་ཏུ་འཕྲེད་དར་འདྲ་མིན་བཟུང་ཞིང་། འཕྲེད་དར་སྟེང་། “རང་ས་རང་དབང་དགོས། དྲང་བདེན་གྱི་ཐག་གཅོད་དགོས། དྲང་བདེན་གྱི་ཁྲིམས་ལུགས་ལ་བརྩི་སྲུང་བྱ་དགོས། དངོས་ཐོག་བདེན་འཚོལ་གྱིས་ལས་དོན་བསྒྲུབ་རོགས” བཅས་སོགས་བཀོད་འདུག ཅེས་དང་།  

 

ཉིན་རྒྱབ་ཙམ་ལ་ཡུལ་ཤུལ་ཁུལ་གྱི་དཔོན་རིགས་ཁ་ཤས་སླེབས་ཏེ་མ་དམངས་རྣམས་ཕྱི་ལོག་ཆེད་དུ་མགོ་སྐོར་བསླུ་བྲིད་གྱི་སྐད་ཆ་མང་པོ་ཞིག་བཤད་སོང་ཡང་། དེ་ལ་མང་ཚོགས་སུ་གང་གིས་ཀྱང་ཉན་འཇོག་མ་བྱས་སྟབས། པེ་ཅིན་ནས་ཆེད་མངགས་བྱས་པའི་ཡུལ་ཤུལ་བསྐྱར་འཛུགས་འཆར་འགོད་ཚོགས་ཆུང་གི་མགོ་གཙོ་ཡོང་སྟེ། ཀྲུང་གོའི་སྲིད་གཞུང་བོད་ལ་བཀའ་དྲིན་ཆེ་ཚུལ་དང་། དམིགས་བསལ་ཡུལ་ཤུལ་ཁུལ་ལ་བདག་གཅེས་བྱས་ཚུལ། རྒྱལ་ཁབ་གཞན་གྱི་ས་གནས་ཁག་ནང་གོད་ཆག་བྱུང་ཡང་། རྒྱལ་ཁབ་གཞུང་གིས་རོགས་སྐྱོར་མེད་ཚུལ། རང་རྒྱལ་ལ་རྒྱལ་ཁབ་གཞན་ལས་ལྷག་པའི་བྱམས་བརྩེ་ལྡན་ཚུལ་སོགས་མང་པོ་བཤད་ཀྱང་། ཡུལ་ཤུལ་མི་མང་རྣམས་ས་འགུལ་ཆེན་མོའི་བརྒྱུད་རིམ་ཁྲོད་སྲིད་གཞུང་ལ་རེ་བ་ཆད་ཅང་། ཞེན་པ་གཏིང་ནས་ལོག་ཡོད་སྟབས། ཁ་ཡག་ཚིག་འཇམ་གྱི་གཡོ་ཐབས་ཇི་ལྟར་བཀོལ་ཡང་། མང་ཚོགས་ཚོས་ཉན་འདོད་དང་ཡིད་ཆེས་གཏན་ནས་མི་བྱེད་པ་མ་ཟད། རྒན་འཁོགས་ཚོའི་སྐད་ཤུགས་སྔར་ལས་ཆེ་རུ་སོང་སྟེ། “མི་ཁྲི་ཚོ་གཅིག་ལྷག་ཙམ་ས་འོག་དུ་ཤོར་སོང་། མི་རབས་མང་པོར་བསག་པའི་རྒྱུ་ནོདང་ས་ཞིང་། སྡོད་ཁང་ཡོངས་རྫོགས་ཁྱེད་ཅག་གིས་བཙན་འཕྲོག་བྱས་སོང་། ད་ནི་ང་ཚོ་གསོན་པོར་གནས་དང་མ་གནས་ཁྱད་པར་མི་འདུག ང་ཚོ་ད་ལྟ་རང་སོད་རོགས” ཟེར་ནས་ངུ་འབོད་ཤུགས་ཆེན་བྱས་སོང་། ཞེས་བཀོད་འདུག

 

ཡི་གེ་དེའི་ནང་མུ་མཐུད་དུ་བཀོད་དོན། སྔར་ལོའི་ ༤༡༤ ས་འགུལ་གྱི་གནོད་འཚེ་ནི་རང་བྱུང་གི་ཆག་སྒོ་ཡིན་སྟབས། དེ་ལ་སུ་གང་གིས་ཀྱང་འཁང་ར་བྱེད་མི་སྲིད། འོན་ཀྱང་གོང་རིམ་གྱི་དཔོན་རིགས་དང་ས་གནས་རིམ་པའི་སྲིད་གཞུང་གི་ཁྲིམས་ལུགས་དང་། ཡུལ་ཤུལ་གསར་པའི་འཛུགས་སྐྲུན་འཆར་འགོལ་འགྱུར་བ་འགྲོ་བཞིན་ཡོད་པ་དང་། ཉམས་ཆུང་མི་དམངས་རྣམས་ཀྱི་མི་རབས་མང་པོའི་ཚེ་སྲོག་དང་དཀའ་ངལ་གྱི་དངུལ་ཆུ་ལས་གྲིབ་པའི་ས་ཞིང་དང་ཁང་པ་རྣམས་སྲིད་གཞུང་གི་ཡིན་ཚུལ་བཤད་དེ། གང་འདོད་དུ་གཞུང་བཞེས་བྱས་དང་བྱེད་བཞིན་ཡོད་པ་མ་ཟད། ས་འགུལ་ཁྲོད་ཚེ་འདས་སུ་སོང་བའི་ནང་མི་ཚོས་ཞུ་བ་ཇི་ལྟར་འཐེན་ཡང་། ཕན་འབྲས་ཏིལ་འབྲུ་ཙམ་ཡང་མེད་པར་ཉེན་རྟོག་པས་རྡུང་རྡེག་དང་འཇིགས་སྐུལ། དྲག་ཆས་དམག་མིའི་མེ་མདའི་འོག་ཏུ་བཙན་གནོན་བྱས་ཡོད། ཞེས་དང་།

 

སྐྱེ་རྒུ་མདོའི་ཤར་ལྷོ་ནུབ་བྱང་གི་ས་གནས་ཁག་སོ་སོར་དོ་དམ་ཨུ་ཡོན་ལྷན་ཁང་ངམ་གསར་འཛུག་དོ་དམ་ཨུ་ཡོན་ལྷན་ཁང་ཞེས་པའི་ལས་ཁུངས་གསར་འཛུགས་བྱས་ཤིང་། ཡུལ་ཤུལ་མི་དམངས་ཀྱི་ས་ཆའི་བརྒྱ་ཆ་ ༥༠ ཙམ་གཞུང་བཞེས་བྱ་རྒྱུའི་བཀའ་ཁྱབ་བཏང་སྟེ། གོ་སྐབས་འདི་དང་བསྟུན་ཏེ་བོད་མི་འདུག་གནས་མེད་པར་བྱས་ཤིང་། རྒྱ་རིགས་ཕོན་ཆེན་འོར་འདྲེན་གྱིས་གྲོང་ཁྱེར་གྱི་དཀྱིལ་དང་མི་མང་འདུས་སྡོད་ཁུལ། གཞུང་ལམ་གཡས་གཡོན་ཀྱི་ཚོང་ལས་དང་འཛུགས་སྐྲུན་ལྟེ་གནས་ཁག་ཚང་མར་རྒྱ་རིགས་ཀྱིས་ཁེངས་པར་བྱ་རྒྱུ་དེ་སྲིད་གཞུང་གི་དམིགས་ཡུལ་ངོ་མ་དེ་རེད། རྒྱུ་མཚན་དེ་དག་གི་དབང་གིས་མི་མང་ཡོངས་རྫོགས་སྲིད་གཞུང་ལ་ཡིད་ཆེས་བརླག་སྟེ། སེམས་ཐག་གཙང་བཅད་ཀྱིས་ཐེངས་འདིའི་ལས་འགུལ་དེ་སྤེལ་བ་རེད། ཅེས་བཀོད་འདུག

 

ཡུལ་ཤུལ་སྐྱེ་རྒུ་མདོའི་༼ བཞི་གཅིག་བཞི ༽ རང་བྱུང་གོད་ཆག་གི་དོན་རྐྱེན་བྱུང་སྟེ་ལོ་ངོ་གཅིག་འཁོར་ལ་ཉེ་བའི་སྐབས་འདིར། རྒྱ་གཞུང་གིས་བསྐྱར་དུ་སུན་གཙེར་དང་དྲག་གནོན་གྱི་བྱ་འགུལ་ཆེན་པོ་ཞིག་མགོ་འཛུགས་བྱས་ཡོད་འདུག ད་ལྟ་ཡུལ་ཤུལ་སྐྱེ་རྒུ་མདོའི་ས་གནས་ཁག་དང་གྲོང་ཁྱེར་གྱི་གཞུང་ལམ་ཁག དེ་བཞིན་མཐའ་ཁོར་གྱི་གྲོང་སྡེ་དང་དགོན་སྡེ་ཁག་ཏུ་དྲག་ཆས་ཉེན་རྟོག་མི་སྣ་དང་དམག་མི་འགྲེམ་བཞིན་ཡོད་པ་མ་ཟད། འགྲུལ་བཞུད་མི་མང་ལ་གང་འདོད་དུ་འདྲི་རྩད་ཉེས་རྡུང་དང་། ས་ཚིགས་ཁག་ཏུ་ཞིབ་བཤེར་བྱ་མགོ་བཙུགས་ཡོད་འདུག ད་ལྟ་རང་འཛིན་བཟུང་བྱས་ཟིན་པ་དག་གི་མིང་དང་ལོ་རྒྱུས་ཞིབ་ཕྲ་ཤེས་རྟོགས་ཐུབ་མེད་ཀྱང་། ཨ་ཁྲོ་སྐར་མ་ཟེར་བའི་ལོ་ན་ ༦༠ ཡས་མ་ཅན་རྒན་པོ་ཞིག་ཚུད་ཡོད་འདུག

བོད་ཀྱི་དུས་བབ་ལས།

 

༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ལ་བརྟན་བཞུགས་གསོལ་འདེབས།

༄༅། །སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་ཕྱི་ལུགས་ལྟར་དགུང་གྲངས་ ༧༥ ལ་ཕེབས་པའི་འཁྲུངས་ཚེས་དུས་སྟོན་ལོ་འཁོར་མོར་སྲུང་བརྩི་ཞུ་བཞིན་ཁོངས་བཀའ་ཤག་གིས་ཆེད་བཙུགས་གནང་བའི་དུས་སྟོན་གོ་སྒྲིག་ཚོགས་ཆུང་ནས་ལས་འཆར་འཆར་འབུལ་ཞུས་ཁོངས་ཀྱི་ལས་རིམ་ ༥ པར་ཕྱི་ཟླ་ ༤ པའི་ནང་བཙན་བྱོལ་བོད་གཞུང་ཐོག་མར་མ་སུ་རིར་དབུ་བརྙེས་པའི་དུས་ཚིགས་དང་བསྟུན་ཏེ་བཙན་བྱོལ་བོད་གཞུང་ལས་ཁུངས་མ་ལག་དང་བཅས་པའི་སྲི་ཞུའི་ལས་བྱེད་ཡོངས་ནས་བོད་མིའི་ཆོས་སྲིད་གཉིས་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་བསྐལ་པ་ཁྲི་ཕྲག་ནས་ཁྲི་ཕྲག་གི་བར་དུ་ཁ་བ་ཅན་གྱི་སྐྱེ་འགྲོ་ཡོངས་ཀྱི་མགོན་སྐྱབས་དཔུང་གཉེན་དམ་པར་༸སྐུ་ཚེ་༸ཞབས་པད་རྡོ་རྗེའི་ཁམས་སུ་བརྟན་པའི་གསོལ་འདེབས་བརྟན་བཞུགས་རྒྱས་འབུལ་དང་། མགོན་པོ་གང་གི་བཀའ་དགོངས་ཇི་བཞིན་སོ་སོའི་ལས་འགན་སྒྲུབ་རྒྱུར་ངོ་ལྐོག་རྒྱབ་མདུན་མེད་པ་ཧུར་བསྐྱེད་ཞུ་རྒྱུའི་དམ་འབུལ་ཞུ་རྒྱུ་བཅས་ཐུགས་གཏན་འཁེལ་ཡོད་པ་ལྟར། གཞུང་ཞབས་འདེམས་བསྐོ་ལྷན་ཁང་བརྒྱུད་ཇི་ལྟར་གསོལ་འདེབས་ཞུས་པ་བཞིན་བཀའ་བཞེས་བཟང་པོ་ཐོབ་སྟེ་བོད་རྒྱལ་ལོ་ ༢༡༣༨ ཟླ་ ༢ ཚེས་ ༢༠ དང་། ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༢༢ གཟའ་སྐར་འཕྲོད་སྦྱོར་དགེ་བའི་ཉིན་ཚེ་དཔག་མེད་དྭངས་མ་བཅུད་འདྲེན་གྱི་ཆོ་གའི་སྒོ་ནས་བརྟན་བཞུགས་བསྟར་འབུལ་ཞུ་རྒྱུ་གནང་བ་ལྟར་གཞུང་ཞབས་འདེམས་བསྐོ་ལྷན་ཁང་གི་ཚོགས་གཙོ་མཆོག་གིས་གཙོ་སྐྱོང་གནང་སྟེ་རང་གཞུང་ལས་ཁུངས་ཁག་གི་དྲུང་ཆེ་རྣམས་བརྟན་བཞུགས་གོ་སྒྲིག་ཞུ་ཕྱོགས་དང་འབྲེལ་བའི་ལྷན་འཛོམས་སྔ་རྗེས་གནང་མཐར་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ཞིག་ཟུར་འཛུགས་གནང་ཡོད་པའི་ཚོགས་གཙོར་ཆོས་རིག་དྲུང་ཆེ་ངག་དབང་ཆོས་གྲགས་ལགས་དང་། ཚོགས་མིར་གཞུང་ཞབས་འདེམས་ལྷན་དྲུང་ཆེ་སྣང་ས་ཆོས་སྒྲོན་ལགས། རྩིས་ཞིབ་དྲུང་ཆེ་མགོན་པོ་ཕུན་ཚོགས་ལགས། སྐུ་ཡིག་སྐུ་ངོ་བསྟན་པ་བཟོད་པ་ལགས་བཅས་ལ་ཐུགས་གཏན་འཁེལ་ཞིང་། ལས་ཁུངས་ཁག་ལ་གསལ་བརྡ་ཡིག་ཆུང་སྔོན་སོང་ལྟར་བརྟན་བཞུགས་ཆེད་སྲི་ཞུ་བ་རང་རང་བློས་བཅད་ཀྱི་ཞལ་འདེབས་འབུལ་འབབ་ཇི་ཡོད་འབྲེལ་ཡོད་ལས་ཁུངས་སམ་སྡེ་ཚན་སོ་སོ་བརྒྱུད་ཚོགས་ཆུང་ལ་ཕྱི་ལོ་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༧ ནང་ཚུད་ངེས་འབྱོར་ཐུབ་པ་དང་། དེ་བཞིན་ཚེ་དཔག་མེད་ཀྱི་གཟུངས་སྔགས་གསོག་སྒྲུབ་ཀྱིས་སྒྲུབ་ཐོ་ ༢༠༡༡ ཕྱི་ཟླ་ ༤ ཚེས་ ༢༠ ཉིན་ཕུལ་འབྱོར་ཟིན་པ་དགོས་རྒྱུ་བཅས་ཀྱི་གསལ་བསྒྲགས་སུ། གཞུང་ཞབས་བརྟན་བཞུགས་གོ་སྒྲིག་ཚོགས་ཆུང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༤ ཚེ་ ༥ ལ།།

 

༑རོལ་རྩེད་གར་གྱི་ཉམས་ལྡན་རི་དྭགས་མིག།

མིག་གིས་ལྟ་བར་མི་ངོམས་ཡིད་འཕྲོག་མ།།

མ་ལྟར་བརྩེ་བ་ཁྱོད་ཀྱིས་བདག་གི་ངག།

ངག་དབང་ལྷ་མོ་ཉིད་དང་མཚུངས་པར་མཛོད།།

 

  ཤེས་རབ་དང་བྱམས་བརྩེའི་དྭངས་མ། སྒྲ་སྙན་དང་ལང་ཚོའི་ཡང་རྩེར་འཕགས་པས་ན་ལྷ་མོ་དབྱངས་ཅན་མ་སྟེ། སྙན་ངག་དང་སྙན་ངག་པའི་མཚོན་བྱེད་ལ་ཁྱེད་ལས་ལྷག་པ་ཞིག་ཅི། དེ་བས་ངས་རང་གི་བརྩམས་ཆོས་དག་ལ། <<དབྱངས་ཅན་སྤྲུལ་པའི་གླེགས་བམ>>ཞེས་དང། གློག་དྲ་འདིར་ཡང<དབྱངས་ཅན་སྒྱུ་འཕྲུལ་དྲ་བ>ཞེས་འདོགས་དོན་ཡང་སེམས་པའི་མཛེས་སྡུག་ཅིག་གི་འཚོལ་སྙེག་ལས་མ་འདས་ཏེ། དེ་ནི་ཁྱོད་དམ་ཁྱོད་ཀྱི་གོ་འཕང་ཉིད་དོ། 

 

༢༠༠༩་༡༡་༡༦། 

བོད་དོན་གསར་འགྱུར་རྩོམ་གསར་སོགས།

དེ་རིང་སྒོ་བྱང་ངོས་ལ་གཟིགས།

གལ་ཆེའི་བཀའ་སློབ་ཡིག་ཆ་སོགས།

རིན་ཆེན་གསང་བའི་གཏེར་ལས་བཞེས།

སྣ་ཚོགས་འདོད་འཇོའི་གླིང་ཕྲན་འདིར།

ལན་ཅིག་ཕེབས་དང་རྒྱང་རིང་གྲོགས།

ངལ་དུབ་སེལ་བའི་ལམ་རྒྱགས་མང།

 

  སྟག་ལོའི་ཚེས་གཅིག་ནས་དྲ་སྒོ་ཕྱེས། བོད་ནང་ལ་ད་དུང་ཡང་ལྟ་ཀློག་ཐུབ་ཀྱིན་ཡོད། དེ་བས་གཅིག་ནས་གཅིག་བརྒྱུད་ཀུན་ཏུ་འགྲེམས་རྒྱུར་སྙིང་ནས་རེ་སྐུལ་དང་སྨོན་ལམ་ཞུ།

https://fajack.com/index.php